དབུ་ཤོག>སྲིད་དོན།
  • བོད་ཀྱིས“བཟང་པོ་ལྔ་ལྡན་གྱི་ཡ་རབས་ཁྱིམ་ཚང་20”ལ་གཟེངས་བསྟོད་བྱས་པ་དང“མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཡག་ཤོས”བརྒྱ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-17

    ཟླ་5ཚེས་15ཉིན་ནི་རྒྱལ་སྤྱིའི་ཁྱིམ་ཚང་ཉིན་མོ་ཐེངས་29པ་ཡིན་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་15ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚོགས་ཆེན་འཚོགས་ནས། 2022ལོའི་བོད་རང་སྐྱོང་ལྗོངས་ཀྱི“བཟང་པོ་ལྔ་ལྡན་གྱི་ཡ་རབས་ཁྱིམ་ཚང་20”ལ་གཟེངས་བསྟོད་གཟབ་རྒྱས་བྱས་པ་དང“མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཡག་ཤོས”བརྒྱ་ཁྱབ་བསྒྲགས་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་མཆན་བཀོད་མཛུབ་སྟོན་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་བྱེད་སྒོར་ཞུགས་པ་དང་གསུང་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཅི་གོ་ཀང་དང་། མོང་ཞའོ་ལིན། རྒྱ་མཚོ་ལྷ་མོ་བཅས་བྱེད་སྒོར་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་མཆན་བཀོད་མཛུབ་སྟོན་ནང་རྒྱལ་ཡོངས་ཀྱི་ཁྱིམ་ཚང་དྲིལ་བསྒྲགས་སློབ་གསོའི་གཟའ་འཁོར་དང་པོ་འཆར་ཉེའི་མཚམས་སུ། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བཟང་པོ་ལྔ་ལྡན་གྱི་ཡ་རབས་ཁྱིམ་ཚང”གི་གཟེངས་བསྟོད་བྱེད་སྒོ་སྤེལ་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་གསུངས་ཤིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་ཁྱིམ་ཚང་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། ཁྱིམ་ཚང་ལས་དོན་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་པའི་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས། ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་ཡིན་ཞིང་། ཁྱིམ་ཚང་ཁྲི་སྟོང་མང་པོ་ཡག་པོ་བྱུང་ན། རྒྱལ་ཁབ་གཞི་ནས་ཡག་པོ་ཡོང་ཐུབ་པ་དང་། མི་རིགས་གཞི་ནས་ཡག་པོ་ཡོང་ཐུབ། གཟེངས་བསྟོད་ཐོབ་པའི་ཁྱིམ་ཚང་གིས་ཡང་འབད་བསྐྱར་འབད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་ཧུར་ཐག་བྱེད་པ་དང་ཁྱིམ་སྲོལ་བཟང་པོ་དར་སྤེལ་བཏང་སྟེ་ཁྱིམ་ཚང་དེ་བས་མང་བས་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། ཀྲུང་ཧྭ་མི་རིགས་ལ་དགའ་ཞེན་བཅས་བྱ་རྒྱུར་ཤུགས་རྐྱེན་ཐེབས་པ་དང་སྐུལ་ཁྲིད་བྱ་རྒྱུ་དང་། ལྗོངས་ཡོངས་ཀྱི་ཁྱིམ་ཚང་ཚང་མས་འགྲན་སློབ་སྙེག་བརྒལ་དང་སྔོན་ཐོན་བརྩོན་ལེན་གྱིས“རྒྱལ་གཅེས་ཁྲིམས་སྲུང་དང་། ཀུན་སྤྱོད་དང་གུས་ལུགས་སྲུང་བ། ལས་བཀུར་ཡིད་རྟོན་རུང་བ། སྤྱི་ཕན་ལ་དགའ་ཞེན། འདྲ་མཉམ་འཆམ་མཐུན། རྒན་བཀུར་གཉེན་གཅེས། ཁྱིམ་སྲོལ་བཟང་པོ་སྲུང་བ། ཚན་རིག་དང་མཐུན་པར་བུ་ཕྲུག་སྐྱོང་བ། གོམས་སྲོལ་བསྒྱུར་བ། ལྗང་མདོག་གྲོན་ཆུང”བཅས་ཀྱི་བླང་བྱ་གཞིར་བཟུང་། ཁྱིམ་ཚང་གི་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། ཁྱིམ་ཚང་གི་ཕུགས་བསམ་མངོན་འགྱུར་བྱེད་པ་དེ་མི་རིགས་ཀྱི་ཕུགས་འདུན་ཁྲོད་མཉམ་འདྲེས་བྱས་ནས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྩོན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བ་དང་། དེར་ཞབས་འདེགས་ཞུ་བ། དྲིལ་བསྒྲགས་ལག་བསྟར་བྱེད་པ་བཅས་གཙོ་རྐང་དུ་བྱས་ཏེ་ཡང་དག་པའི་ཕུགས་བསམ་དང་དད་སེམས་དར་སྤེལ་གཏོང་བ་དང་། ཁྱིམ་ཚང་འཛུགས་སྐྱོང་ཁྲོད་ཀྱི་བུད་མེད་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་ལ་སྣང་ཆེན་བྱེད་པ། ཁྱིམ་ཚང་ཚང་མ“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་དུ་འགྱུར་རྒྱུར་ཁྲིད་སྟོན་ཧུར་ཐག་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་སྣང་ཆེན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ལས་ཀའི་མཛུབ་ཁྲིད་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་འཛུགས་སྐྱོང་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    བྱེད་སྒོར་ཞུགས་སྐབས་ཀྲོང་ཡན་གྱིས། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་ནི་ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་འཛུགས་སྐྱོང་ལ་སྣང་ཆེན་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་དམིགས་ནས་རང་ལྗོངས་ཀྱི་ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བཏོན་པའི་བླང་བྱ་ཁ་གསལ་ཞིག་རེད། དེའི་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཁྱིམ་ཚང་གི་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ལུགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་ཡོད་པས་ང་ཚོས་ངེས་པར་དུ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཁྱིམ་ཚང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། བླ་ན་མེད་པའི་རྒྱལ་གཅེས་བརྩེ་སེམས་དང་ཡར་ཐོན་གྱི་ཁྱིམ་ཚང་བརྩོན་ལེན་བྱེད་པའི་བསམ་བློ་བརྟན་པོ་འཛུགས་པ། མཛེས་སྡུག་ལྡན་པའི་ཁྱིམ་ཚང་གི་ཕུགས་བསམ་བརྩོན་ལེན་བཅས་བྱས་ནས་ཁྱིམ་ཚང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་གཅིག་གྱུར་དམ་ཟབ་ཡོང་བར་བྱེད་དགོས། ཁྱིམ་ཚང་སློབ་གསོར་སྣང་ཆེན་བྱས་ཏེ་ངག་སློབ་ལ་སྣང་ཆེན་དང་། དཔེ་སྟོན་ལ་སྣང་ཆེན། ཤེས་བྱ་སློབ་ཁྲིད། ཀུན་སྤྱོད་གསོ་སྐྱོང་། མི་སྣ་གསོ་སྐྱོང་དང་ཤེས་ལྡན་པ་གསོ་སྐྱོང་བཅས་གཅིག་གྱུར་དམ་ཟབ་ཡོང་བར་བྱེད་དགོས། ཁྱིམ་སྲོལ་བཟང་པོ་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་གཅིག་འདོམས་མཐའ་འཁྱོངས་བྱས་ནས་བྱ་ངན་སྤྱོད་ངན་གཏན་འགོག་དང་སྤྱོད་བཟང་གཞུང་དྲང་དར་སྤེལ་བཏང་སྟེ་བྱམས་སེམས་དང་ནན་སྐྱོང་གཅིག་གྱུར་དམ་ཟབ་ཡོང་བར་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་འཛིན་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ནུས་ཤུགས་འདོན་པ། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་གི་འགག་རྩ་འདིར་དམ་འཛིན་ཏན་ཏིག་བྱེད་པ། དཔེ་མཚོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ་དང་ཁྱིམ་ཚང་གི་བདེ་སྐྱིད་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུར་སྟོབས་ཤུགས་ལེགས་སྐྱེས་འབུལ་བ་དང་། དུས་རབས་གསར་པའི་ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་འཛུགས་སྐྱོང་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱ་རྒྱུར་བསུ་བ་ཞུ་བ་བཅས་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

    བྱེད་སྒོའི་ཁྲོད་ཕ་མ་བུ་ཕྲུག་དབར་གཏམ་རྒྱུད་བརྗོད་པ་དང་། ས་ཆ་དངོས་སུ་བཅར་འདྲི་བྱེད་པ། བརྙན་ལམ་བརྒྱུད་གཏམ་རྒྱུད་བརྗོད་པ་སོགས་གསོན་ཉམས་དོད་པའི་རྣམ་པའི་ཐོག་ནས“བཟང་པོ་ལྔ་ལྡན་གྱི་ཡ་རབས་ཁྱིམ་ཚང”དང“མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཡག་ཤོས”ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།