དབུ་ཤོག>སྲིད་དོན།
  • ལང་ཚོའི་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-15

    ཚེས་12ཉིན་གྱི་ཕྱི་དྲོ་བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་བཙུགས་ནས་ལོ་ངོ་100འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ལྗོངས་ཡོངས་ཀྱི་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་དང་རྒྱ་ཆེའི་སྡེ་ཚོགས་དང་གཞོན་ནུ་ཚོས་ལྔ་བཞིའི་རླབས་ཆེའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ལྕག་སྐུལ་དང་། ལང་ཚོའི་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། འབད་འབུངས་ཡར་བརྩོན་དང་དངོས་སྒྲུབ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཡན་ཅིན་ཧའེ་ཡིས་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ། ཀྲོང་ཡན་དང་ཁྲེན་ཡུང་ཆིས་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དབང་ཧའེ་ཀྲོའུ་དང་། ལའེ་ཅའོ། ཟླ་བ་ཚེ་རིང་། མོང་ཞའོ་ལིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་གཞོན་ནུ་ཚོར་རྟེན་འབྲེལ་ཞུས་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་དང་། རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས། སྡེ་ཚོགས་ཀྱི་ལས་བྱེད་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། ཝང་ཅུན་ཀྲེང་གིས་འདི་ལོ་ནི་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་བཙུགས་ནས་ལོ་ངོ་100འཁོར་བའི་ལོ་ཞིག་ཡིན་ལ། བོད་ལྗོངས་གུང་གཞོན་སྡེ་ཚོགས་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཀྱང་རེད།

    ལོ་ངོ་70ཡི་རིང་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་བོད་ཀྱི་གཞོན་ནུ་མི་རབས་མང་པོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཏང་གིས་འགོ་ཁྲིད་གནང་བའི་བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས། དུས་རབས་གསར་པའི་རླབས་ཆེན་བྱ་གཞག་བཅས་ལ་ཧུར་ཐག་ཞུགས་ཏེ་ཀྲུང་གོའི་གཞོན་ནུའི་ལས་འགུལ་གྱི་བོད་ཀྱི་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད། མི་རབས་རེར་རང་ཉིད་ལ་དབང་བའི་གོ་སྐབས་ཡོད་པ་དང་གཞོན་ནུ་མི་རབས་རེར་མི་རབས་དེའི་འགན་འཁྲི་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་བཏོན་གནང་བའི“དོན་ཆེན་བཞི”ལག་བསྟར་དོན་འཁྱོལ་ལ་དམིགས་ནས“འཛུགས་གཏོད་བཞིའི”འབད་འཐབ་དམིགས་ཚད་བཏོན་པ་རེད། དེང་རབས་ཀྱི་བོད་ཀྱི་གཞོན་ནུ་ཚོས་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ། འགན་འཁྲི་ལྕི་པོ་འཁུར་ཕོད་པ་དང་ལེགས་སྐྱེས་ཧུར་ཐག་ཕུལ་ནས་ལང་ཚོའི་གསོན་ཤུགས་དང་། ལང་ཚོའི་གསར་གཏོད། ལང་ཚོའི་འབད་འཐབ་བཅས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་དུ་འགྱུར་བར་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ནང་འབད་འབུངས་ཡར་བརྩོན་དང་བྱས་རྗེས་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“དཔེ་བཟང་ལྔའི”བླང་བྱར་གཞིགས་ནས་འབད་འཐབ་ཧུར་ཐག་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་དམ་བཅའ་བཞག་སྟེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། བླ་ན་མེད་པའི་གཤིས་རྒྱུད་འཇགས་པ་དང་དུས་རབས་ཀྱི་དར་སྲོལ་ལ་ཁྲིད་སྟོན་བྱས་ཏེ་རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། སྲོལ་གསར་སྤྱོད་བཟང་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ལང་ཚོའི་དྲང་ནུས་བརྒྱུད་སྤེལ་ཧུར་ཐག་བཅས་བྱས་ཏེ། སྔོན་ཐོན་གྱི་བསམ་བློ་དང་དཔེ་བཟང་གི་བྱ་སྤྱོད་ལ་བརྟེན་ནས་དུས་རབས་ཀྱི་དར་སྲོལ་ལ་ཁྲིད་སྟོན་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས། འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་བ་དང་། འབད་འབུངས་ཡར་བརྩོན་དང་འགན་འཁྲི་འཁུར་ཕོད་པ། ཕུགས་འདུན་ནི་སློབ་སྦྱོང་ནས་འགོ་འཛུགས་པ་དང་བྱ་གཞག་ནི་འཇོན་ཐང་ལ་བརྟེན་ནས་སྒྲུབ་པའི་འདུ་ཤེས་འཇགས་པ། ཤེས་བྱའི་གྲུབ་ཆ་སྔར་བས་ལེགས་སུ་གཏོང་བ། ཤེས་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས། ལག་ལེན་ཁྲོད་ཤེས་བྱ་ཡང་དག་སློབ་སྦྱོང་དང་བདེན་དོན་རྟོགས་གང་ཐུབ་བྱས་ཏེ་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་ནས་དཀའ་སྡུག་མྱོང་བ་དང་མཐོང་རྒྱ་ཆེ་རུ་གཏོང་དགོས། གསར་གཏོད་གསར་སྐྲུན་ཧུར་ཐག་དང་གསར་གཏོད་ལས་གཏོད་ཕོད་པར་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་རང་འཁྲིའི་ལས་གནས་དང་ཟུང་འབྲེལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཅས་གཏོད་འཛུགས་བྱེད་རིང་འགན་འཁྲི་འཁུར་ཕོད་པ་དང་འཇོན་ཐང་ངོམ་དགོས། དཀའ་སྤྱད་འབད་འཐབ་ལྷོད་མེད་བྱེད་པ་དང་། ལྷག་བསམ་རྣམ་དག་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་། “ལམ་གཉིས”ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཏན་ཏན་ཏིག་ཏིག་དང་དམ་པ་དོན་གཉེར་བཅས་བྱས་ཏེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་གསར་དམག་དང་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་འདོན་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་དོན་འཁྱོལ་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་གུང་གཞོན་སྡེ་ཚོགས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས། ཆབ་སྲིད་ལ་བརྟེན་ནས་སྡེ་ཚོགས་འཛུགས་སྐྱོང་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་རང་བཞིན་ཨང་དང་པོར་བརྩིས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས། བསམ་བློར་བརྟེན་ནས་སྡེ་ཚོགས་འཛུགས་སྐྱོང་མཐའ་འཁྱོངས་ཀྱིས་དྲིལ་བསྒྲགས་དང་འགྲེལ་བཤད་ལ་ཤུགས་སྣོན་རྒྱག་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཞོན་ནུའི་ཁྲོད་ཁྱབ་པ་དང་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་གཞོན་ནུའི་བསམ་བློ་ཡར་ཐོན་ལ་སྣེ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་སློབ་གྲྭ་ཞིག་དངོས་འབྲེལ་འགྱུར་བར་བྱེད་དགོས། རྩ་བ་བརྟན་ཚུགས་དང་སྡེ་ཚོགས་དར་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྡེ་ཚོགས་འཛུགས་སྐྱོང་ལ་སྐུལ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་གཞོན་ནུའི་ལས་དོན་ལ་ཞབས་འདེགས་ཞུ་བའི་སྲོག་རྩར་དམ་པོར་དམིགས་ཏེ། ཐབས་བརྒྱ་ཇུས་སྟོང་ངང་གཞོན་ནུར་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱེད་དགོས། སྒྱུར་བཅོས་ལ་བརྟེན་ནས་སྡེ་ཚོགས་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རྩ་བའི་ལས་འགན་དང་། ཆབ་སྲིད་ཀྱི་འགན་འཁྲི། ལས་དོན་གྱི་གཙོ་གནད་བཅས་ལ་སྟངས་འཛིན་ནན་པོ་བྱས་ཏེ་སྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྡེ་ཚོགས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་བསམ་ཕྱོགས་གསར་པ་དང་རྣམ་པ་གསར་པ་འཚོལ་ཞིབ་བྱེད་པ་དང་། སྡེ་ཚོགས་ཀྱི་གཞི་རིམ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་བྱེད་ཐབས་དངོས་དང་གོ་ཆོད་བཏོན་ནས་དུས་རབས་མདུན་སྐྱོད་དང་། གཞོན་ནུ་འཕེལ་རྒྱས། ལག་ལེན་གསར་གཏོད་བཅས་ཀྱི་གོམ་སྟབས་ཀྱི་རྗེས་སུ་སྙེག་དགོས། སྡེ་ཚོགས་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་འགག་རྩ་ཡིན་པའི་སྡེ་ཚོགས་ཀྱི་ལས་བྱེད་པ་དང་རྨང་གཞི་ཡིན་པའི་སྡེ་ཚོགས་ཀྱི་དཔུང་ཁག་ལ་དམ་འཛིན་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ། བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་གསར་བརྗེ་བྱེད་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་ཕུགས་བསམ་དང་དད་སེམས་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་གིས་སྡེ་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་གུང་གཞོན་སྡེ་ཚོགས་དང་གཞོན་ནུའི་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་དགོས། སེམས་ནུས་ཡོད་རྒུས་གུང་གཞོན་སྡེ་ཚོགས་དང་གཞོན་ནུ་ཚོའི་ལས་དོན་ཁྲོད་ཀྱི་དཀའ་ངལ་དངོས་ཐག་གཅོད་ཀྱིས་རྒྱ་ཆེའི་གཞོན་ནུ་རྣམས་འཚར་ལོངས་དང་ཤེས་ལྡན་མི་སྣར་འགྱུར་བར་ཁོར་ཡུག་བཟང་པོ་སྐྲུན་དགོས། གཞོན་ནུ་ཚོའི་རེ་འདུན་ལ་དོ་ཁུར་དང་། གཞོན་ནུ་ཚོའི་འཕེལ་རྒྱས་ལ་རོགས་རམ། གཞོན་ནུ་ཚོའི་ལས་གཏོད་ལ་རྒྱབ་སྐྱོར་བཅས་བྱས་ནས་གཞོན་ནུ་གྲོགས་པོ་ཚོའི་སྙིང་ཉེ་བ་དང་གཞོན་ནུའི་ལས་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཡག་པོ་ཞིག་བྱེད་དགོས། སྤྱི་ཚོགས་ཡོངས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་བར་བྱས་ནས་སྦྱངས་པ་གོ་ཆོད་དང་ཤེས་སྦྱོར་གཅིག་མཐུན་ཡོང་བར་བྱས་ཏེ། དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    ཚོགས་འདུ་མ་འཚོག་གོང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་ཀྱི“གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”དང“དར་དམར་གཉིས་དང་ཕུལ་བྱུང་གཉིས”ཀྱི་བྱ་དགའ་ཐོབ་མཁན་འཐུས་མི་དང་དེ་བཞིན་མི་རིགས་ཁག་དང་ལས་རིགས་ཁག་གི་ཕུལ་བྱུང་གཞོན་ནུ་དང་མཇལ་འཕྲད་གནང་བ་མ་ཟད། ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། ཚོགས་འདུའི་ཐོག་སྡེ་ཚོགས་རང་སྐྱོང་ལྗོངས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་གཞོན་ནུའི་འཐུས་མི་5ཡིས་སྤེལ་རེས་གཏམ་བཤད་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།