དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་བོད་ཀྱི་གསར་བརྗེ་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་གི་རྣམ་གྲངས་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-13

    ཚེས་6ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། བོད་ཀྱི་གསར་བརྗེ་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་གི་རྣམ་གྲངས་འཛུགས་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་བོད་ཀྱི་གསར་བརྗེ་འཛུགས་སྐྲུན་དང་སྒྱུར་བཅོས་དྲན་གསོ་ཁང་གི་རྣམ་གྲངས་སྐྲུན་ཡུལ་དུ་ཕེབས་ནས་ས་གནས་ས་ཐོག་ཏུ་རྣམ་གྲངས་འཛུགས་སྐྲུན་སྐོར་མཁྱེན་རྟོགས་གནང་བ་དང་། ཁོངས་མིའི་ཚན་པ་ཁག་གི་ལས་ཀའི་སྙན་སེང་ཆེད་མངགས་གསན་པ་དང་འབྲེལ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཟླ་བ་ཚེ་རིང་བརྟག་ཞིབ་ལ་ལྷན་དུ་ཕེབས་པ་རེད།

    བོད་ཀྱི་གསར་བརྗེ་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་དེ་2021ལོའི་ཟླ་3ཚེས་28ཉིན་སྐྲུན་འགོ་ཚུགས་ཚུན། མིག་སྔར་རྣམ་གྲངས་ཀྱི་འཛུགས་སྐྲུན་རྐྱང་པའི་ཐོག་བཀབ་ཟིན་པ་རེད། རྣམ་གྲངས་བསྐྲུན་ཡུལ་དུ་ཀྲོང་ཡན་གྱིས་དྲན་གསོ་ཁང་གི་རྣམ་གྲངས་ཀྱི་བརྗོད་དོན་གཙོ་བོའི་མཚོན་དོན་དང་ཇུས་འགོད་འཆར་འགོད་ཀྱི་གནས་ཚུལ་སྙན་སེང་ཞིབ་ཕྲ་གསན་པ་དང་། ས་གནས་ས་ཐོག་ཏུ་རྣམ་གྲངས་ཀྱི་འཕེལ་རིམ་དང་། ལྗང་མདོག་ཨར་ལས། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་གནས་ཚུལ་ལ་གཟིགས་ཞིབ། རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་གནས་པའི་དཀའ་ངལ་མཁྱེན་རྟོགས་བཅས་གནང་བ་དང་འབྲེལ། ས་གནས་ས་ཐོག་ཏུ་ཐག་གཅོད་ཇུས་གཞི་ཞིབ་འཇུག་བྱས་ནས་བཏོན་གནང་ཞིང་། ཁོང་གིས། དྲན་གསོ་ཁང་གི་རྣམ་གྲངས་ནི་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཆོག་མཆན་སྤྲད་པའི་གསར་བརྗེའི་འདུ་འགོད་དང་ཏང་གི་ལོ་རྒྱུས་ཀྱི་འདུ་འགོད་ཅིག་ཡིན་པས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དྲན་གསོ་ཁང་གི་རྣམ་གྲངས་འཛུགས་སྐྲུན་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པས་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་ཐོན་སྐྱེད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཚན་རིག་དང་མཐུན་པའི་ཨར་ལས་སྒྲིག་འཛུགས་བྱེད་པ་དང་། འཛུགས་སྐྲུན་གྱི་མྱུར་ཚད་ལ་དམ་འཛིན་བྱས་ནས་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་པོས་འཛུགས་སྐྲུན་གྱི་ལས་འགན་ལེགས་སྒྲུབ་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    དེ་རྗེས་འཚོགས་པའི་ཆེད་དོན་ཚོགས་འདུའི་ཐོག འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་གིས་དྲན་གསོ་ཁང་གི་རྣམ་གྲངས་འཛུགས་སྐྲུན་དང་འགྲེམས་སྟོན་དང་སྒྲིག་གཤོམ་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་སྙན་སེང་ཞུས་པ་རེད། ཀྲོང་ཡན་གྱིས་ཁོངས་མིའི་ཚན་པ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། དྲན་གསོ་ཁང་གི་རྣམ་གྲངས་ཀྱི་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་དང་། ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ། དོན་དངོས་ཀྱི་དོན་སྙིང་གལ་ཆེན་བཅས་ལ་ངོས་འཛིན་གང་ལེགས། བསམ་བློ་དང་བྱ་སྤྱོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བཅས་བྱས་ཏེ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་མཐའ་འཁྱོངས། ཁྲིམས་བཞིན་དང་ལུགས་མཐུན་མཐའ་འཁྱོངས། ཚན་རིག་དང་མཐུན་པའི་ངང་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། སྤུས་ཚད་ལ་ཉམས་སད་ཐེག་ཐུབ་པ་དང་བདེ་འཇགས་ཐོན་སྐྱེད་མཐའ་འཁྱོངས། འགན་འཁྲི་ནན་དུ་ཏན་ཏིག་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་དྲན་གསོ་ཁང་སྔ་ཙམ་བསྐྲུན་ནས་རྩིས་སྤྲོད་དང་། སྔ་ཙམ་བེད་སྤྱོད། སྔ་ཙམ་ཕན་ནུས་ཐོན་པའི་འགན་ལེན་ཏན་ཏིག་བྱེད་པ་དང་། ལོ་རྒྱུས་དང་། ལག་ལེན། མི་དམངས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་འཛུགས་སྐྲུན་དང་། དོ་དམ། བེད་སྤྱོད་བཅས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་པ་དང་། འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ། ལས་གྲྭ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་འཚོལ་བསྡུ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དྲན་གསོ་ཁང་གཉེར་སྐྱོང་གི་ལམ་སྲོལ་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བྱེད་དགོས། སྤུས་དག་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྤུས་ཚད་ལག་རྩལ་ལག་བསྟར་ནན་པོ་བྱེད་པ། བདེ་འཇགས་ཐོན་སྐྱེད་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། ཨར་ལས་ཀྱི་ལས་ཡུན་ནང་སྦགས་བཙོག་འགོག་བཅོས་ཀྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ། རྣམ་གྲངས་ཀྱི་མ་དངུལ་བེད་སྤྱོད་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། དྲན་གསོ་ཁང་གི་རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་ལེགས་པོ་ཡོང་བའི་འགན་ལེན་བྱེད་དགོས། སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགན་འཁྲི་སྔར་བས་ནན་དུ་གཏོང་བ། ལས་ཡུན་ལྡོག་སྒྲིག་དང་དཔེ་རིས་བཀལ་ནས་དམག་འཐབ་རྒྱག་པ། དྲན་གསོ་ཁང་གི་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཤུགས་ཆེན་བྱེད་རིང་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། ནུས་པར་ཞུན་བརྡར། འགན་འཁྲི་འཁུར་སེམས་མངོན་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།