དབུ་ཤོག>སྲིད་དོན།
  • དབང་ཧའེ་ཀྲོའུ་ཡིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2022ལོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-05-13

    ཚེས་10ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གི་བརྗོད་དོན་གཙོ་བོར་གོ་བ་གཏིང་ཟབ་བླངས་ཏེ། 2022ལོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཤིང་། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་གཞོན་པ་ཚེ་རིང་རྡོ་རྗེ་གདན་དྲངས་ནས་ཆེད་དོན་འཆད་ཁྲིད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། 

    དབང་ཧའེ་ཀྲོའུ་ཡིས། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པའི་འགག་རྩའི་དུས་སུ། “གཏན་ཁེལ་གཉིས”ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་དུས་རབས་གསར་པའི་ཐོག་མའི་གསར་གཏོད་རང་བཞིན་གྱི་བསམ་བློ་དང་། གསར་བསྒྱུར་རང་བཞིན་གྱི་ལག་ལེན། ཚད་བརྒལ་རང་བཞིན་གྱི་འཕེལ་རིམ། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་བཅས་ཀྱི་ཁྲོད་དང་། རང་རེའི་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ“དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་རླབས་ཆེན་གྱི་གྲུབ་འབྲས་ཁྲོད་ནས་ཏང་ལ་ལྷག་བསམ་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་ཞུན་བརྡར་རྒྱུན་ཆད་མེད་པར་སྤྲས་ཡོད། བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”དེ“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་འགྱུར་བར་བྱས་ནས། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་རྣམ་པ་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་དགོས། ལྟེ་བར་དམ་པོར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེཌ་ཞུ་བ། “འཛུཌ་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་དམིགས་ཚད་ལ་དམ་པོར་དམིགས་ཏེ་བསམ་སྦྱོར་གཉིས་བརྩོན་དང་། བརྩེ་སེམས་ཐད་བློ་གཅིག་སེམས་གཅིག་གིས་དམངས་ལ་བྱ་བ་སྒྲུབ་པ། འཐབ་རྩོད་ཁྲོད་འགག་རྩར་དམ་འཛིན། འགན་འཁྲི་འཁུར་རིང་རང་འགན་གཙང་སྒྲུབ། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། དུས་རབས་གསར་པར་རང་ལྗོངས་ཀྱི་འདུ་ཤེས་འཛིན་སྟངས་དང་བསམ་བློ་དྲིལ་བསྒྲགས་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།