དབུ་ཤོག>སྲིད་དོན།
  • ལའེ་ཅའོ་ཡིས་མཚོ་བོད་ལྕགས་ལམ(བོད་ལྗོངས་དུམ་བུ)གློག་རླངས་ཅན་སྒྱུར་བཀོད་རྣམ་གྲངས་ཀྱི་2022ལོའི་ཆེད་དོན་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-13

    ཚེས་11ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་མཚོ་བོད་ལྕགས་ལམ(བོད་ལྗོངས་དུམ་བུ)གློག་རླངས་ཅན་སྒྱུར་བཀོད་རྣམ་གྲངས་ཀྱི་2022ལོའི་ཆེད་དོན་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་ནས། གནས་ཚུལ་སྙན་སེང་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

    ལའེ་ཅའོ་ཡིས། མཚོ་བོད་ལྕགས་ལམ(བོད་ལྗོངས་དུམ་བུ)གློག་རླངས་ཅན་སྒྱུར་བཀོད་རྣམ་གྲངས་འཛུགས་སྐྲུན་ལ་དོན་སྙིང་གལ་ཆེན་ལྡན་ཡོད། འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་གིས་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་ཡང་དག་གཅོད་པ་དང་། གནད་དོན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བ། ལས་ཀའི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སེམས་ནུས་དང་། བློ་གྲོས། སྤྱོད་ཚུལ་བཅས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་གཅིག་སྒྲིལ་ཏན་ཏིག་བྱེད་དགོས། ལས་ཀའི་དམིགས་ཚད་གཏན་འཁེལ་དང་སྔོན་ཚུད་ནས་བཟོ་བ་དང་། ལས་ཡུན་ལྡོག་སྒྲིག་བྱེད་པ། འཆར་གཞི་ཡོད་པའི་སྒོ་ནས་དམག་འཐབ་རྒྱག་པ་བཅས་བྱས་ཏེ་ལས་དོན་ཁག་ལ་འགན་འཁྲིའི་ཚན་པ་དང་། འགན་འཁུར་མི་སྣ། ལེགས་སྒྲུབ་ཀྱི་དུས་བཀག་བཅས་ཁ་གསལ་བཟོས་ནས་དུས་བཀག་ནང་བཀོད་གཏོང་དང་ཐོ་སུབ་ནས་དོ་དམ་བྱེད་དགོས། ནུས་ཤུགས་ཡོད་རྒུས་མཚོ་བོད་ལྕགས་ལམ་གྱི་ལྕགས་ལམ་ཁ་སྒྱུར་སྒྲིག་ཆས་བརྗེ་སྒྱུར་དང་བརྡ་རྟགས་མ་ལག་སྒྱུར་བཀོད་ལས་གྲྭར་སྐུལ་འདེད་བཏང་སྟེ། ཟླ་དྲུག་པའི་ཟླ་མཇུག་ཏུ་ལས་འགོ་འཛུགས་ཐུབ་པའི་བརྩོན་ལེན་བྱེད་དགོས། ལྷ་ས་དང་ནག་ཆུའི་དབུ་མ་ཐང་གི་ཆན་ཧྥུའུ་500ཟིན་པའི་གློག་གཏོང་གློག་སྒྱུར་ལས་གྲྭར་སྐུལ་འདེད་ཏན་ཏིག་བཏང་ནས། ལོ་མཇུག་གོང་ལས་འགོ་འཛུགས་ཐུབ་པའི་འགན་ལེན་བྱས་ཏེ་རྣམ་གྲངས་ཀྱི་ལས་གྲྭ་གཙོ་བོ་འཛུགས་སྐྲུན་བྱེད་པར་རྨང་གཞིའི་འདེགས་སྐྱོར་བྱེད་དགོས། སྒུག་རྟེན་མི་བྱེད་པ་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་དང་ཁེ་ལས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་མ་འཇོག་བྱེད་ཚད་བགོ་བཤའ་རྒྱག་པ་དང་། སྔོན་བཀོད་ཀྱི་དོན་གནད་གལ་ཆེན་སྒྲུབ་པ། རྣམ་གྲངས་ཀྱི་ལས་ཡུན་བཀོད་སྒྲིག་སོགས་གནད་དོན་གལ་ཆེན་ཐད་ཐུན་མོང་གི་ངོས་འཛིན་གང་མགྱོགས་ཡོང་བར་བྱས་ནས་རྣམ་གྲངས་བདེ་བླག་ངང་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།