དབུ་ཤོག>སྲིད་དོན།
  • སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པོའི་གནས་བབ་ཏུ་འཇོག་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-05-11

    སྐྱེ་ཁམས་སྲུང་སྐྱོང་དོན་ཆེན་ཨང་དང་པོར་བརྩིས་ནས་རྣམ་གྲངས་ཅན་དང་། གཞི་རྟེན་ཅན། གསལ་ཐོ་ཅན་བཅས་ཀྱི་བྱ་ཐབས་སྤྱད་དེ་དོན་འཁྱོལ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བྱེད་དགོས།

    བོད་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ“ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ”དེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནང་འཇོག་དགོས་པ་ཁ་གསལ་བཏོན་གནང་བ་མ་ཟད། “མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད”ཅེས་ནན་བཤད་གནང་བ་དང་། “མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་སྐྲུན་དགོས”པའི་བླང་བྱའང་བཏོན་ནས་བོད་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར། ང་ཚོས་སྐྱེ་ཁམས་ཤེས་དཔལ་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་ལག་བསྟར་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་དེ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”ཐུབ་པའི་བྱ་སྤྱོད་དངོས་ལ་བརྩི་བ་དང་། ཐོག་མཐའ་བར་གསུམ་དུ“སྤྱི་ཡོངས་གཉིས”བློ་ལ་འཆང་བ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ་བཅས་བྱས་ནས་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་གངས་ལྗོངས་ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཀླུང་བཅས་སྲུང་སྐྱོང་ཡག་པོ་བྱེད་དགོས། བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་བྱེད་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་རྣམ་གྲངས་ཅན་དང་། གཞི་རྟེན་ཅན། གསལ་ཐོ་ཅན་བཅས་ཀྱི་བྱེད་ཐབས་སྤྱད་ནས་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་ཤུགས་སྣོན་བརྒྱབ་ནས་འབད་བརྩོན་ཆེན་པོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱེད་དགོས།

    རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་རྩོད་སྒྲུབ་ཀྱི་བསམ་གཞིག་ཡོད་དགོས། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་ནི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་ལ་བརྩིས་ནས། སྐྱེ་ཁམས་བདེ་འཇགས་དང་འཕེལ་རྒྱས་བདེ་འཇགས་ཀྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱས་ཏེ། སྐྱེ་ཁམས་ཀྱི་དམར་ཐིག་བརྟན་སྲུང་དང་། མིག་སྔར་བསམ་བློ་གཏོང་བ་དང་ཕུགས་ལ་བསམ་བློ་བཏང་ནས་སྐྱེ་ཁམས་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་པོ་དང་རྒྱུན་གནས་ཐུབ་པའི་འགན་ལེན་བྱེད་དགོས། དཔལ་འབྱོར་འཛུགས་སྐྱོང་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་དང་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་གི་དོ་མཉམ་གནས་བཙལ་ཏེ་བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་དགོས།

    སྐྱེ་ཁམས་ནི་གཅིག་གྱུར་གྱི་རང་བྱུང་མ་ལག་གཅིག་དང་ཕན་ཚུན་མཉམ་གནས་དང་འབྲེལ་བ་ཟབ་པའི་འཁོར་འབྲེལ་ནུས་ལྡན་ཞིག་ཡིན་པས། ང་ཚོས་བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཇུས་འགོད་བྱེད་དགོས། རྒྱལ་ཁབ་ས་ཆ་བར་མཐོངས་འཆར་འགོད་དང་གོ་སྤྱོད་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་རྒྱལ་སྲུང་འཛུགས་སྐྲུན་གྱི་བར་མཐོངས་སྔོན་བརྒལ་ཇུས་འགོད་དང་སྤྱི་འདོམས་སྔོན་འཇོག་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། གཙང་པོ་དང་ཆུ་བོ་གཙོ་བོ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ས་ཆུ་ཤོར་བ་དང་། བྱེ་ས་ཅན། ས་གཤིས་གནོད་འཚེ་བཅས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་ཤིང་འཛུགས་སྔོ་འགྱུར་དང་བྱེ་འགོག་བྱེ་བཅོས་སོགས་གཙོ་གནད་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ་ནགས་ཚལ་ཁྱབ་ཚད་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་བྱེད་པ་ཞིག་དང་། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཞིག་རེད། སྐྱེ་ཁམས་འཛུགས་སྐྱོང་ཐོན་ལས་ཅན་དང་ཐོན་ལས་འཕེལ་རྒྱས་སྐྱེ་ཁམས་ཅན་ལ་མཉམ་དུ་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོན་ལས་བཟང་སྒྲིག་རིམ་སྤོར་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ནུས་རྒྱུ་གཙང་མ་དང་སྐྱེ་ཁམས་ཡུལ་སྐོར་རིག་གནས་སོགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་དང“ནུབ་གློག་ཤར་སྐྱེལ”གྱི་འབྲེལ་མཐུད་རྟེན་གཞི་དང་ཨེ་ཤེ་ཡ་ལྷོ་མར་ཁྱབ་པའི་ནུས་རྒྱུའི་རྟེན་གཞི་སྐྲུན་པར་ཤུགས་སྣོན་རྒྱག་པ། ནགས་ཚལ་དང་། རྩྭ་ཐང་། འཁྱགས་རོམ། འདམ་ར། ས་གཤིས་ས་དབྱིབས་ཀྱི་ཡུལ་སྐོར་ཁུལ་ཁག་གཅིག་གཏོད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་རྫས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་དགོས། ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་དང་འཁོར་རྒྱུག་བེད་སྤྱོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ལྷ་ས་གྲོང་ཁྱེར་དེ་ཉིད་རྒྱལ་ཁབ་ཀྱི་འཁོར་རྒྱུག་དཔལ་འབྱོར་དཔེ་སྟོན་གྲོང་ཁྱེར་དུ་གང་མགྱོགས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། ཐཱན་ཚད་མཐོ་ཤོས་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ཐཱན་ཚད་སྙོམ་སྦྱོར་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དཔལ་འབྱོར་བསྡོམས་འབོར་ནང་ལྗང་མདོག་ཐཱན་ཉུང་ཐོན་ལས་ཀྱིས་བཟུང་བའི་བསྡུར་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། དྭངས་གཙང་ནུས་རྒྱུས་བཟུང་བའི་བསྡུར་ཚད་དང་། སྐྱེ་ཁམས་བར་མཐོངས་ཀྱིས་བཟུང་བའི་བསྡུར་ཚད། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་བརྟན་སྲུང་དང་འཕར་རྒྱུ་སོགས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་བརྩོན་ལེན་བྱེད་དགོས། སྐྱེ་ཁམས་ལ་བརྟེན་ནས་དམངས་ཕྱུག་དམངས་ཕན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྐྱེ་ཁམས་ཀྱི་ཕྱོགས་བསྡུས་ཁ་གསབ་ལམ་སྲོལ་དོན་འཁྱོལ། མང་ཚོགས་སྒྲིག་འཛུགས་བྱས་ཏེ་ནགས་བཟོའི་འདུ་འགོད་འགན་གཙང་ལེན་པ། ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བཅས་བྱས་ཏེ། མང་ཚོགས་སྐྱེ་ཁམས་འཛུགས་སྐྱོང་ནང་ཞུགས་ནས་ཕྱུག་འགྱུར་ལམ་བུར་སྐྱོད་པ་དང་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པར་བྱེད་དགོས།

    ——བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2022ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་གཉིས་པའི་ཐོག་གི་གསུང་བཤད།

    (《མི་དམངས་ཉིན་རེའི་ཚགས་པར》གྱི་2022ལོའི་ཟླ་5ཚེས་9ཉིན་གྱི་པར་ངོས་5པ་ལས་དྲངས)

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།