དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-10

    ཟླ་5ཚེས་5ནས་7ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གཞིས་རྩེ་གྲོང་ཁྱེར་དང་བཞད་མཐོང་སྨོན་རྫོང་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་ལས་ཁུངས་སུ་བརྟག་ཞིབ་གནང་བར་ཕེབས་ནས་གྲོང་ཁྱེར་དང་རྫོང་གི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤེལ་ཚུལ་ལ་མཁྱེན་རྟོགས་གནང་བ་རེད།

    ཝང་ཝུའེ་ཏུང་གིས་བསྟན་དོན། གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་ཞིབ་བཤེར་ལ་གཙོ་གནད་དུ་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས“རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ”བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། སྒྲིག་བཤེར་དང་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བས་སྤྱོད་གཙང་སྒྲིག་ནན་དང་རུལ་རྒོལ་གྱི་ལས་དོན་ཁག་ལ་ཕན་འབྲས་ཡག་པོ་ཐོན་ཡོད། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་སྐབས་བཅས་ཀྱི་བློ་མཐུན་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་བླང་བྱ་དོན་འཁྱོལ་བྱ་རྒྱུར་ཕྱོགས་ཡོངས་ནས་ཞིབ་བསྡུར་བྱས་ཏེ་སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱི་འགན་ནུས་ཀྱི་ངེས་གནས་ཁོང་དུ་ཡང་དག་ཆུད་པ་དང་། “དོན་ཆེན་བཞིར”དམ་འཛིན་ཡག་པོ་དང་། “འཛུགས་གཏོད་བཞིར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་པ་བཅས་ལ་དམ་པོར་དམིགས་ནས། ལྟ་སྐུལ་འགན་སྲུང་ལག་བསྟར་དང་། འཕེལ་རྒྱས་ལ་སྐུལ་འདེད་དང་འཐུས་སྒོ་ཚང་དུ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ས་ཁོངས་ཀྱི་ལྟེ་བ་ཕལ་པ་བསྐྲུན་རྒྱུར་འགན་ལེན་ནུས་ལྡན་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།