དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-10

    ཚེས་6དང་7ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ལྷོ་ཁ་གྲོང་ཁྱེར་གྱི་འཕྱོངས་རྒྱས་དང་། མཚོ་སྨད། མཚོ་སྣ། ལྷོ་བྲག་བཅས་རྫོང་དུ་ཕེབས་ནས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་སོགས་ལ་བརྟག་ཞིབ་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་གནང་སའི་དོན་ཆེན་ནི་མང་ཚོགས་ཀྱི་འཚོ་བ་རེད། ལམ་བར་དུ་ཡན་ཅིན་ཧའེ་གྲོང་ཚོར་བསྐྱོད་དེ་ཞིང་དུད་ལ་འཚམས་འདྲི་ཐེངས་མང་གནང་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ས་གནས་ས་ཐོག་ཏུ་ལྷོ་བྲག་རྫོང་མོན་ཆད་གྲོང་ཚོའི་གྲོང་མིའི་ཕྱུགས་ཚང་ཉམས་གསོའི་གནད་དོན་མཐུན་སྦྱོར་ཐག་གཅོད་གནང་བ་རེད། གྲོང་མི་བསོད་ནམས་སྟོབས་རྒྱལ་གྱི་ཁྱིམ་དུ་ཡན་ཅིན་ཧའེ་ཡིས་སེམས་བཟང་ཚིག་ནན་ངང་མཐའ་མཚམས་སུ་མི་ཡོད་ཚེ་གཞི་ནས་བརྟན་ལྷིང་ཡོང་ཐུབ། ང་ཚོས་ངེས་པར་དུ་ཏང་གི་བཀའ་དྲིན་བློ་ལ་བཅངས་ནས་རྐང་འོག་གི་ས་ཆ་མུ་མཐུད་སྲུང་སྐྱོང་ཡག་པོ་བྱེད་དགོས། ཚང་མས་བརྟན་སྲུང་ཧུར་ཐག་བྱས་པ་དེ་ཏང་དང་སྲིད་གཞུང་གིས་བརྗེད་མི་སྲིད། ང་ཚོས་མཐའ་མཚམས་མང་ཚོགས་ལ་འགན་ལེན་ཡག་ཤོས་བྱས་ནས་འབབ་ཁུངས་སྲིད་གཞུང་གིས་འགན་ལེན་དང་སློབ་གསོ་དང་སྨན་བཅོས་སྲིད་གཞུང་གིས་བཀོད་སྒྲིག་བྱས་ནས་ཚང་མའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་གིས་མཉམ་དུ་ཡོད་པའི་ལས་དོན་མི་སྣར་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཟབ་ཏུ་གཏོང་བར་མུ་མཐུད་སྐུལ་འདེད་བཏང་ནས་ཆུ་དང་། གློག ལམ། འཕྲིན་ཐུང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡག་པོ་བྱེད་པ་དང་སྤྱི་པའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་མཉམ་བཅོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཡོང་བ་བྱེད་དགོས་ཞེས་སླར་ཡང་མངགས་བཅོལ་གནང་བ་རེད།

    འཕྱོངས་རྒྱས་གྲོལ་རྡལ་གྱི་དཔལ་རི་དང་གྲོང་བདུན་ཨུ་ལྷན་དང་དེ་བཞིན་གྲི་གུ་གྲོང་རྡལ་གྱི་སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་མཐའ་མཚམས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་བཅས་སུ་བརྟག་ཞིབ་གནང་སྐབས། ཡན་ཅིན་ཧའེ་ཡིས་སྐྱོན་བྲལ་ཤེས་དཔལ་གྱི་སྲོལ་གསར་ཐད་བྱེད་ཐབས་དངོས་འདོན་པ་དང་མི་ཕྱུགས་ལོགས་དབྱེ་དང་འཕྲོད་བསྟེན་ལ་དོ་སྣང་བྱེད་པ་སོགས་ཀྱི་གནད་དོན་ཆུང་ཙག་ནས་དམ་འཛིན་བྱས་ཏེ“ཞིང་འབྲོག་པའི་རྣམ་པ་གསར་པ་གཏོད་པའི”བྱ་སྤྱོད་ལག་བསྟར་ཡག་པོ་བྱས་ནས་གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པ་བྱེད་དགོས།

    གྲོང་མིའི་སྡོད་ཁང་སྐྲུན་པར་ཤུགས་སྣོན་རྒྱག་པ་དང་སྡོད་ཁང་གི་བདེ་འཇགས་ལ་དེ་བས་སྣང་ཆེན་བྱས་ཏེ་གྲོང་མིའི་སྡོད་ཁང་གི་ས་ཡོམ་སོགས་རང་བྱུང་གནོད་འཚེ་འགོག་པའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། གྲི་གུའི་སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱེད་སྐབས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཤེལ་ཁང་ཡག་པོ་བསྐྲུན་ནས་མང་ཚོགས་ཚོས་ཧུར་ཐག་སྦྱོང་བ་དང་། ཧུར་ཐག་སྐྲུན་པ། བློ་བདེ་ངང་སྤྱོད་པ་བཅས་ལ་ཁྲིད་སྟོན་དང་མི་སེར་ཚོས་ཡུལ་སྐོར་བཟའ་བཏུང་སོགས་ལས་རིགས་གཉེར་རྒྱུར་སྣེ་ཁྲིད་བྱས་ཏེ་རང་ཁྱིམ་གྱི་སྒོ་འགྲམ་དུ་འབབ་འཕར་ཡོང་བར་བྱེད་དགོས། ས་གནས་ཀྱི་ཡུལ་ལྗོངས་ལ་བརྟེན་ནས་ཁྱད་ཆོས་ཀྱི་གཞི་རྒྱུ་མངོན་པ་དང་། མཛེས་ལྗོངས་ཀྱི་ཁྱད་ཆོས་གཏོད་པ། མཛེས་ལྗོངས་ཀྱི་བཀོད་ཇུས་འདིང་བ་བཅས་བྱས་ནས་ཧེ་བག་ཅན་ལ་སྣང་ཆེན་བྱེད་པ་ལས་ནད་བརྒྱ་སྨན་གཅིག་གི་རྣམ་པ་གཏན་འགོག་བྱས་ཏེ་མཛེས་སྡུག་གི་རྣམ་པ་དེ་བས་མངོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཐོན་ལས་ནི་མཐའ་མཚམས་འཕེལ་རྒྱས་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། སླད་ཤང་ལེགས་པོ་ཇ་ལོ་མཉམ་ལས་ཁང་དུ་ཡན་ཅིན་ཧའེ་ཡིས་འབྲེལ་ཡོད་འགན་འཁུར་བ་དང་སྤེལ་རེས་ཡང་ཡང་གནང་བ་མ་ཟད། དངུལ་བཏོན་ནས་ཇ་གཟིགས་ཤིང་། ཁོང་གིས་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་ལེགས་ཆ་གང་ལེགས་སྤྱད་དེ་རང་བྱུང་གི་སྐྱེ་ལྡན་ཁས་ལེན་དཔང་འདོན་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་ཟུར་སྣོན་རིན་ཐང་མཐོ་རུ་བཏང་སྟེ་དེའི་དངོས་ཡོད་ཀྱི་རིན་ཐང་དེ་བས་མངོན་པར་བྱེད་པ་དང་འབྲེལ་ཇའི་ཐོན་ལས་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་སྐྱོད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།