དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ཉིང་ཁྲི་གྲོང་ཁྱེར་དུ་དུས་ཆེན་གྱི་ཡུལ་སྐོར་ཁྲོམ་རར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-06

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཉིང་ཁྲི་གྲོང་ཁྱེར་དུ་དུས་ཆེན་གྱི་ཡུལ་སྐོར་ཁྲོམ་རའི་གནས་ཚུལ་ལ་བརྟག་ཞིབ་དང་རྟོག་ཞིབ་གནང་བ་རེད།

    ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུར་ཡན་ཅིན་ཧའེ་ཡིས་ས་གནས་ས་ཐོག་ཏུ་ཉིང་ཁྲིའི་ཧེང་ཏ་གསོལ་མགྲོན་ཁང་སོགས་གསོལ་མགྲོན་ཁང་ནང་སྡོད་མཁན་གྱི་གནས་ཚུལ་ལ་བརྟག་ཞིབ་དང་མཁྱེན་རྟོགས་གནང་ཞིང་། ཁོང་གིས་འདི་ལོ་རྒྱལ་ཡོངས་སུ་རིམས་ནད་ཡང་ནས་བསྐྱར་དུ་ཐོན་པ་སོགས་ཀྱི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པ་ལས་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ལ་དཀའ་ངལ་ཆེ་ཙམ་འཕྲད་པ་དང“ལྔ་གཅིག”དུས་ཆེན་གྱི་ཡུལ་སྐོར་ཁྲོམ་རར་ཡང་ཚད་གཞི་ངེས་ཅན་གྱི་རྡབ་རྡེག་ཕོག་ཡོད་མོད། འོན་ཀྱང་དཀའ་ངལ་ནི་གནས་སྐབས་ཙམ་ཡིན་པས་ཐབས་ཤེས་སྤྱིར་གནད་དོན་ལས་མང་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་ཀྱི་གོང་འོག་ཚང་མའི་ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་ལ་གནད་སྨིན་གྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་བཅས་ཡོད་པས་རིམས་ནད་ཀྱི་དཀའ་གནད་དེ་མཇུག་འགྲིལ་ཉེར་ཡོད་ལ་ཡུལ་སྐོར་གྱི“དཔྱིད་ཀ”ཡང་འཆར་ཉེར་ཡོད། མུ་མཐུད་ཚན་རིག་དང་མཐུན་ལ་གནད་སྨིན་གྱི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་། གོ་སྐབས་དམ་འཛིན་གྱིས་ཡུལ་སྐོར་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་འདོན་སྤེལ་བྱེད་པ། ཡུལ་སྐོར་ལས་རིགས་སླར་གསོ་དང་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    བྲག་གསུམ་མཚོ་དང་ཐའེ་ཀྲའོ་གནའ་གྲོང་མཛེས་ལྗོངས་ཁུལ་དུ་ཡན་ཅིན་ཧའེ་ཡིས་ས་གནས་དེ་གའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་དུས་ཆེན་གྱི་ཡུལ་སྐོར་ཁྲོམ་རའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་མི་སེར་ཚོས་སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་སྤུས་ལེགས་ཀྱི་ཡུལ་སྐོར་ཐོན་རྫས་སུ་འགྱུར་བ་བྱས་ཏེ“སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་ཡོང་བ”དང“ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་ཡོང་བ”བྱེད་དགོས་པ་དེ་ནི“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། སྐྱེ་ཁམས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་བོད་ཀྱི་དོན་དངོས་དང་འཚམ་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་དང་། རིན་ཐང་གཞན་འགྱུར་གྱི་ཐབས་ལམ། ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་བཅས་འཚོལ་ཞིབ་བྱས་ནས་ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བཅས་གསུམ་ཀར་ཕན་པ་ཐོབ་པར་བྱེད་དགོས། གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་བཏང་ནས་ཐའེ་ཀྲའོ་གནའ་གྲོང་གིས་ཐང་རྒྱལ་རབས་ཚུན་བོད་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་རིང་པོ་ལྡན་པའི་དཔང་པོ་བྱས་པ་དང་། “གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་འཆི་རྒྱུར་མི་སྐྲག་པའི”གསར་བརྗེའི་སྙིང་སྟོབས་དང་འཕེལ་རྒྱས་ཀྱི་དཔང་པོ་བྱས་ཡོད་པས། གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་མུ་མཐུད་སྔོག་འདོན་གཏིང་ཟབ་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་དེ་བས་རང་འགུལ་དང་རང་རྟོགས་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཁྲོམ་རའི་ཡིད་ཆེས་འཕེལ་བར་བྱས་ཏེ་རྒྱུན་མཐུད་དང་གནད་སྨིན་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་པ་དང་དུས་མཚུངས། ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཡུལ་སྐོར་ལས་རིགས་བསྐྱར་དུ་འཕེལ་རྒྱས་དང་། འཛད་སྤྱོད་བསྐྱར་འཕར། ཁྲོམ་ར་བསྐྱར་དུ་འཁྲུག་ཆ་དོད་པ་བཅས་ཡོང་བར་སྐུལ་ཁྲིད་བྱས་ཏེ། ལྗོངས་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བ་དང་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།