དབུ་ཤོག>སྲིད་དོན།
  • ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་བཙུགས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་སྤྱོད་ལ་ཞུན་བརྡར་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-04

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསར་དུ་བསྐོ་གཞག་བྱས་པའི་འགོ་ཁྲིད་ལས་བྱེད་པ་དང་མཉམ་སྡེབ་བཀའ་མོལ་གནང་བ་རེད། ཁོང་གིས་འགོ་ཁྲིད་ལས་བྱེད་པ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པའི་ཆབ་སྲིད་ཀྱི་གཤིས་སྤྱོད་ལ་ཞུན་བརྡར་བཅས་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་བ་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ། སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་བཅས་གནང་ནས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་གཙོ་བོ་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏན་འཁེལ་གསལ་པོ་གནང་བའི“དོན་ཆེན་བཞི”ལག་བསྟར་དོན་འཁྱོལ་ལ་དམིགས་ནས“འཛུགས་གཏོད་བཞིའི”འབད་འཐབ་དམིགས་ཚད་བཏོན་པ་རེད། འགོ་ཁྲིད་ལས་བྱེད་པ་ཚོས་འགག་རྩ་ཉུང་ཤས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་གདོང་ལེན་པ་དང་མིག་དཔེ་བཏོན་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་གསུངས་པ་རེད།

    སྔ་ཕྱི་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱེད་དགོས་ཤིང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བསམ་བློ་དང་། ཆབ་སྲིད། 

    བྱ་སྤྱོད་བཅས་ཀྱི་ཐད་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། སྣེ་ཁྲིད་ནས་བསམ་བློར་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་སློབ་སྦྱོང་དང་། གོ་དོན་མཐིལ་རྟོགས་ཀྱིས་སློབ་སྦྱོང་། དོན་དངོས་དང་འབྲེལ་བ་བྱས་ནས་སློབ་སྦྱོང་བཅས་བྱས་ཏེ། དེའི་ནང་འདུས་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་དགོས། ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་བཙུགས་ཏེ་རང་འཁྲིའི་ལས་གནས་ཀྱི་དགོས་ངེས་ཀྱི་ཤེས་བྱ་དང་། རང་བྱུང་ཚན་རིག་ཤེས་བྱ། སྤྱི་ཚོགས་ཚན་རིག་ཤེས་བྱ་བཅས་ལ་སློབ་སྦྱོང་ནན་ཏན་བྱས་ནས་རང་ངོས་ཀྱི་བྱང་ཚད་མཐོ་རུ་དང་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་དམར་ཞིང་མཁས་པའི་འགོ་ཁྲིད་ལས་བྱེད་པ་ཞིག་བྱེད་དགོས།

    རང་འགན་ནན་སྒྲུབ་དང་རང་འགན་གཙང་སྒྲུབ་ཀྱིས་རང་འཁྲིའི་ལས་ཀ་ཡག་པོ་བྱེད་དགོས་ཤིང་། “སྤྱི་ཡོངས་གཉིས”དང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་ནས་རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་ལས་དོན་ཁག་ཇུས་འགོད་བྱེད་པར་སྐུལ་འདེད་བཏང་སྟེ“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ནུས་ཤུགས་གཅིག་སྒྲིལ་བྱེད་པའི་ཐད་གཞན་གྱི་སྔོན་དུ་བྱེད་ཕོད་པ་དང་། རྩེར་སོན་གཏོད་པ། བསམ་ཕོད་པ་དང་སྒྲུབ་ཕོད་པ་བཅས་ཀྱི་ངར་ཤུགས་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ནང་ཞུགས་དགོས།

    ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོར་བསྲུངས་ཏེ་སྲིད་བཀའ་ཤར་བགྲོད་དང་བཀའ་གསུང་ཅི་སྒྲུབ་བྱེད་དགོས་ཤིང་། སྣེ་ཁྲིད་དེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་བརྩི་སྲུང་དང་སྲུང་སྐྱོང་བྱས་ནས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་གཏན་འབེབས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གིས་བཀག་སྡོམ་བྱས་པ་གཏན་ནས་མི་བྱེད་པ་བཅས་བྱས་ནས་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བ་དེ་ཞིབ་ཕྲའི་བྱ་བ་དངོས་དང་། གཏམ་སྤྱོད། ལས་དོན་བཅས་ནས་དངོས་འབྲེལ་མཚོན་པར་བྱེད་དགོས།

    ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་བཙུགས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས་ཤིང་། འགན་འཁྲི་ཁུར་སེམས་ཆེ་རུ་གཏོང་བ་དང་དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ལས་སྒྲུབ་ལས་གཏོད་དང་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རིན་ཐང་དོན་གཉེར་བྱ་གཞི་གཙོ་བོར་བརྩི་བ་དང་། དངོས་སྒྲུབ་ལ་སྣང་ཆེན་དང་དངོས་ཕན་བརྩོན་ལེན་བྱ་རྒྱུ་དེ་སྲིད་དོན་ལས་རྗེས་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ལ་བརྩིས་ནས“དམངས་ལ་ཕན་བདེ་སྐྲུན་པའི”བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་དགོས། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་འཛུགས་པ་དང་དམངས་ཆེད་ཀྱི་བརྩེ་སེམས་ཟབ་ཏུ་བཏང་ནས་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། དམངས་ཕྱུག་ཇུས་གཞི་མང་ཙམ་འགོད་པ་དང་དམངས་ཕན་བྱ་བ་མང་ཙམ་སྒྲུབ་པ་བཅས་བྱས་ཏེ་མང་ཚོགས་ཀྱི་སེམས་ལ་བབ་པའི་བྱ་བ་བཟང་པོ་དང་བྱ་བ་དངོས་སྒྲུབ་དགོས།

    ཏང་ནན་པོས་སྐྱོང་རྒྱུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྤྱོད་བཟང་སྤྱི་གཞོལ་གྱི་ལས་བྱེད་པ་ཡག་པོ་ཧུར་ཐག་བྱེད་དགོས་ཤིང་། ཏང་སྒྲིག་རྒྱལ་ཁྲིམས་ནན་སྲུང་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་བརྩི་སྲུང་ཞུས་ཏེ་སྣེ་ཁྲིད་ནས“མིག་དཔེ་དྲུག”འདོན་ཐུབ་པ་དང་ལྷག་བསམ་རྣམ་དག་དང་སྤྱོད་གཙང་འགན་ཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་གཤིས་སྤྱོད་ལ་ཞུན་བརྡར་བྱེད་དགོས། དབང་ཆ་ཡང་དག་པར་སྤྱོད་པ་དང་། ཁྲིམས་ལྟར་དབང་སྤྱོད། དྲང་གཞག་དབང་སྤྱོད། སྤྱོད་གཙང་དབང་སྤྱོད་བཅས་བྱས་ཏེ་མི་ཆོས་གཙང་མ་དང་། གཞུང་དྲང་ལས་སྒྲུབ། ཁོག་ཡངས་ཀྱི་དཔོན་པོ་བཅས་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་ཐོག་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།