དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ལྷ་སར་རིག་གནས་དང་ཡུལ་སྐོར་ཐོན་ལས་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-01

    ཚེས་26ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་དུ་རིག་གནས་དང་ཡུལ་སྐོར་ཐོན་ལས་ལ་བརྟག་ཞིབ་གནང་བ་རེད།

    ལྷ་སའི་དོན་གྲུབ་དངུལ་རྩའི་གྲོང་དུ་རང་ལྗོངས་ཀྱིས“བོད་ཀྱི་ཁྱད་ཆོས་ལྡན་པའི”ལྷ་སའི་ཞིམ་ཟས་དང་རོལ་རྩེད་ཁྲོམ་གཞུང་དང་པོ་དེ་བཏོད་པ་དང་འབྲེལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་ཏེ་རྒྱལ་ཡོངས་ལ་ཕྱོགས་ནས་ཚོང་འགུགས་བྱེད་རྒྱུ་ཡིན་པར་དོ་ཁུར་རྒྱ་ཁྱབ་ཏུ་ཐོབ་ཡོད། ཡན་ཅིན་ཧའེ་ཡིས་རྣམ་གྲངས་འཛུགས་སྐྲུན་དང་། ལས་རྣམ་གྱི་བཀོད་པ། ཚོང་ཁང་གི་ཚོང་འགུགས་སོགས་ཀྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ཞིམ་ཟས་ནི་ཡུལ་སྐོར་གྱི“ཟ་སྡོད་སྐྱོད་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད”བཅས་ཀྱི་རྒྱུ་རྐྱེན་གཙོ་བོ་དང་། རིག་གནས་དང་ཡུལ་སྐོར་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། “བོད་ཀྱི་ཁྱད་ཆོས་ལྡན་པའི”ཞིམ་ཟས་ཁྲོམ་གཞུང་གཏོད་དགོས་ལུགས་ཁ་གསལ་བཏོན་ཡོད། ང་ཚོས་དེ་དམ་འཛིན་བྱ་གཞིར་བྱས་ཏེ། སྤུས་ཚད་དང་ཚད་གཞི་མཐོ་བའི་ཞིམ་ཟས་ཁྲོམ་གཞུང་བཏོད་དེ་རང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ལ“སྤུས་རྟགས་ཡག་པོ”ཞིག་སྣོན་དགོས། སྤུས་རྟགས་གཏོད་པ་དང་སྤུས་ཚད་གཙོར་བཟུང་གིས་བོད་ལྗོངས་འགྲེམས་ཚོགས་སོགས་གོ་སྐབས་སུ་བརྩིས་ནས་ཞིམ་ཟས་དུས་ཆེན་སོགས་གཉེར་བའི་བྱ་ཐབས་བརྒྱུད། ཚོང་དུད་བཅའ་སྡོད་ཀྱི་ཚད་གཞི་མཐོར་གཏོང་དང་ཞིམ་ཟས་ཀྱི་སྤུས་ཀ་འགན་ལེན་བྱས་ཏེ་ཕྱོགས་ཁག་གི་ཡུལ་སྐོར་བར“ཁྲོམ་གཞུང་གཅིག་ནས་བོད་ཀྱི་ཞིམ་ཟས་ཚང་མའི་བྲོ་བ་ལྟ་ཐུབ་པ”དང་འབྲེལ“རོ་མཆོག”ལ་བརྟེན་ནས་བོད་ལྗོངས་ཡིད་ལ་དྲན་པ་དང་བོད་ལྗོངས་ལ་དགའ་ཞེན་ཡོང་བ་བྱེད་དགོས། རྣམ་པ་གཏོད་པ་དང་མཉམ་དུ་སྐུལ་འདེད་བཏང་ནས་ཚོང་ལས་འཁོར་རྒྱའི་མི་རྒྱུན་དེ་བས་འཕེལ་བ་དང་། ཞིམ་ཟས་ཀྱི་འཛད་སྤྱོད་དེ་བས་དར་བ། བདེ་སྐྱིད་དེ་བས་ལྡན་པ་བཅས་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས། ནོར་བུ་གླིང་ཁའི་མཛེས་ལྗོངས་ཁུལ་དོ་དམ་དང་། རིག་དངོས་སྲུང་སྐྱོང། རིག་གནས་བསམ་བཀོད་ཐོན་རྫས་ཇུས་འགོད་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། ཕེབས་མཚམས་ཡང་ཡང་བཞག་སྟེ་ནན་ཏན་ངང་གཟིགས་ཤིང་། ཁོང་གིས། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རིག་དངོས་ཀྱི་གསོན་ཤུགས་འཕེལ་བ་བྱེད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་མཆོག་ནོར་ཡིན་པའི་བོད་ཀྱི་རིག་གནས་ལ་བཀྲག་མདངས་དེ་བས་འཚེར་བ་བྱེད་དགོས། གྲངས་འཛིན་གྱི་ལེགས་ཆར་བརྟེན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་རིག་དངོས་ཀྱི་གྲངས་འཛིན་ཡིག་ཚགས་གོ་རིམ་ལྡན་པའི་ངང་ལེགས་སྒྲིག་དང་ཁག་བགོས་རིགས་དབྱེ་བྱས་ནས་བཟོས་ཏེ་རིག་དངོས་ཡག་པོ་བཙལ་འཚོལ་དང་འགྲེམས་སྟོན་གང་ལེགས་དང་ཏན་ཏིག་བྱས་ནས། དེ་དག་མི་རྣམས་ཀྱི་འཚོ་བའི་ཁྲོད་ཁྱབ་པ་དང་སྐྱེ་བོ་ཀུན་གྱིས་ཀྲུང་ཧྭའི་ཤེས་དཔལ་གྱི་ནང་དོན་ཟབ་མོ་དང་ཀྲུང་ཧྭ་མི་རིགས་ཀྱི་བློ་གྲོས་མཐོང་ཐུབ་པར་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་སློབ་གསོ་དང་ཁྲིད་སྟོན་དེ་བས་ཡག་པོ་བྱེད་དགོས། རང་འགུལ་ངང་ཁྲོམ་ར་དང་འབྲེལ་མཐུད་བྱས་ཏེ་ཟུར་སྣོན་རིན་ཐང་མཐོ་བའི་རིག་གནས་བསམ་བཀོད་ཐོན་རྫས་དེ་བས་མང་བ་གསར་སྤེལ་བྱས་ཏེ་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་ལ་སྐུལ་ཁྲིད་ནུས་ལྡན་བྱེད་དགོས། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ཡག་པོ་བྱེད་པ། མེ་ཟོན་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཚགས་ཚུད་བྱེད་པ་བཅས་བྱས་ཏེ་ཡུལ་སྐོར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མི་རྣམས་སྐྱིད་སྣང་ལྡན་པ་དང་བློ་བདེ་པོས་ཡུལ་སྐོར་བྱེད་པར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།