དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2022-04-30

    ཚེས་28ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་ཞིབ་འཇུག་དང་དེ་བཞིན་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་བརྟན་ལྷིང་གཙོར་བཟུང་དང་བརྟན་ཐོག་ཡར་འཕེལ་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཤིང་། དུས་དང་རྣམ་པའི་འགྱུར་ལྡོག་ཁྲོད་ཁ་ཕྱོགས་སྟངས་འཛིན་དང་། ཉམས་ཉེན་གྱི་འགྱུར་ལྡོག་ཁྲོད་གོ་སྐབས་དམ་འཛིན། བརྟན་ལྷིང་དང་ཡར་བརྩོན་གཅིག་གྱུར་ཁྲོད་བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱས་ཏེ། ལས་དོན་ལ་བཀྲག་མདངས་འཚེར་ས་དང་ཁྱད་ཆོས་ལྡན་པ་དང་། རྣམ་པ་བརྟན་པོ། འཕར་ཚད་མགྱོགས་པོ། གསོན་ཤུགས་ཆེན་པོ། འགན་ལེན་ཏན་ཏིག་བཅས་ཡོང་བ་བྱས་ནས་ལས་འགོ་བརྟན་པོ་ཞིག་བཙུགས་ཡོད་ཅེས་བསྟན་པ་རེད།

    ཚོགས་འདུའི་ཐོག འདི་ལོའི་དཔལ་འབྱོར་ལས་དོན་གྱི་ལས་འགན་ལྕི་བ་དང་འགྲན་སློང་མང་པོ་ཡོད་པས། ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་། རིག་པ་དྭངས་གསལ་དང་ངེས་ཤུགས་མཐའ་འཁྱོངས། དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། “བརྟན་ལྷིང”གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། “ཡར་བརྩོན”གྱི་སྟོབས་ཤུགས་གསོག་འཇོག་བྱེད་པ། “ལས་སྒྲུབ”ཀྱི་ཕན་འབྲས་ཆེ་རུ་གཏོང་བ། “འགན་ལེན”གྱི་མཐའ་ཚད་སྲུང་བ་བཅས་བྱས་ནས་དུས་ཚིགས་གཉིས་པའི་དུས་ཚོད་ཕྱེད་ཀ་ལྷག་ཙམ་སོང་བར་ལས་འགན་ཕྱེད་ཀ་ལྷག་ཙམ་གྲུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་སྟེ། གཅིག་ནས་བཀོད་གཏོང་ལ་དམ་འཛིན་དང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། དཔལ་འབྱོར་འཁོར་རྒྱུག་དང་བཀོད་གཏོང་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་དང་། རྒྱུ་རྐྱེན་གཙོ་བོ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་གྱིས་ཐག་གཅོད་བཅས་བྱས་ཏེ། དཔལ་འབྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་དང་ནུས་ལྡན་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་རྣམ་གྲངས་ལ་དམ་འཛིན་དང་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་དགོས་ཤིང་། འགན་གཙང་དང་འགན་ལེན་གྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། དངོས་ཡོད་ཀྱི་ལས་འབོར་དེ་བས་མང་པོ་གང་མགྱོགས་ཆགས་པར་བྱེད་དགོས་པ། གསུམ་ནས་ཁྲོམ་རར་དམ་འཛིན་དང་གསོན་ཤུགས་འཕེལ་བར་བྱེད་དགོས་ཤིང་། ཚོང་འགུགས་མ་འདྲེན་གྱི་ཉིན་བརྒྱའི་འགག་སྒྲོལ་བྱ་སྤྱོད་ལག་བསྟར་ཡག་པོ་བྱས་ནས་ཚོང་གཉེར་གྱི་ཁོར་ཡུག་མུ་མཐུད་ལེགས་སུ་དང་ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱེད་དགོས་པ། བཞི་ནས་ཐོན་ལས་ལ་དམ་འཛིན་དང་ལེགས་ཆ་སྐྱེད་སྲིང་བྱེད་དགོས་ཤིང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། རིག་གནས་ཡུལ་སྐོར། དྭངས་གཙང་ནུས་རྒྱུ། ལྗང་མདོག་བཟོ་ལས། མཐོ་གསར་གྲངས་འཛིན། བོད་ལུགས་གསོ་རིག མཐའ་མཚམས་ཚོང་དོན་ཟོག་འགྲེམས་སོགས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་དགོས་པ་མ་ཟད། ལྷག་པར་དུ་ས་གནས་དེ་གའི་ཁྲོམ་རར་གཞི་ཚུགས་ནས“བོད་ཀྱི་མི་བོད་དུ་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་སྲིད་ཇུས་ལ་ཞིབ་འཇུག་བྱེད་དགོས་པ། ལྔ་ནས་འགན་ལེན་ལ་དམ་འཛིན་དང་དམངས་འཚོར་ཕན་འདོགས་དགོས་ཤིང་། དམངས་འཚོའི་འདུ་འགོད་ཆེ་གྲས་བཅུ་དང་དམངས་འཚོའི་བྱ་བ་དངོས་38ཡག་པོ་བསྒྲུབས་ཏེ་དམངས་འཚོའི་མཐའ་ཚད་ཐ་སྐྱོང་བྱེད་དགོས། དྲུག་ནས་སྤྱི་འདོམས་ལ་དམ་འཛིན་དང་བདེ་འཇགས་འགན་ལེན་བྱེད་དགོས་ཤིང་། བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་སྲུང་སྐྱོང་དེ་ལས་འགན་ཨང་དང་པོར་བརྩིས་ཏེ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཚན་རིག་དང་མཐུན་པའི་ངང་ཡག་པོ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་ཏན་ཏིག་ངང་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་ཡག་པོ་བཅས་བྱས་ནས། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།