དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་ལྔ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-28

    ཚེས་25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་ལྔ་པ་གྲོལ་རྗེས་རང་སྐྱོང་ལྗོངས་སྲིད་གཞུང་གིས་འཕྲལ་མར་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་ལྔ་པ་འཚོགས་ནས་ལག་བསྟར་བྱ་ཐབས་ཞིབ་འཇུག་དང་ཞིབ་ཕྲའི་ལས་འགན་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ལྗོངས་སྒྲིག་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་བླང་བྱ་ལྟར་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་དགོས་ཞེས་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཝང་ཝུའེ་ཏུང་དང་། ཤའོ་ཡིའུ་ཚའེ། ལྕགས་ར·བློ་བཟང་བསྟན་འཛིན། རྡོ་རྗེ་ཚེ་སྒྲུབ། ཀྲང་ཡན་ཆིང་། ལུའོ་མེ། མོང་ཞའོ་ལིན། འཇམ་དཔལ། ཀྲང་ཧུང་པོ། ཝང་ཡུང་བཅས་ཚོགས་འདུར་ཞུགས་པ་རེད།

    སྲིད་གཞུང་ཁོངས་གཏོགས་ཀྱི་ན་ནིང་གི་སྲིད་གཙང་ལས་དོན་ལ་ཕྱོགས་སྡོམ་དང་ལྷག་པའི་གནད་དོན་ལ་དབྱེ་ཞིབ་བྱས་རྗེས། ཡན་ཅིན་ཧའེ་ཡིས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“འགག་རྩའི་ཉུང་ཤས”ལ་ལྟ་སྐུལ་བྱེད་ཤུགས་མི་འདང་བ་དང་། རྐྱེན་རྩ་ཆུང་ཟློག་གིས་དོན་འཁྱོལ་ནན་པོ་མ་བྱུང་བ། གཙོ་གནད་ཁྱབ་ཁོངས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་མེད་པ། འགན་འཁྲིའི་གནོན་ཤུགས་རིམ་པ་བཞིན་ཆུང་དུ་ཕྱིན་པ། ཕུགས་བསམ་དང་དད་སེམས་ཀྱི་ཚད་གཞི་སྲུང་མི་ཐུབ་པ་སོགས་ཀྱི་གནད་དོན་ལ་གཙོ་གནད་ཐོག་དོ་ཁུར་བྱས་ནས་རྒྱུན་དུ་དམ་འཛིན་ནན་པོ་དང་རྟག་ཏུ་དོ་དམ་ནན་པོ་བྱས་ཏེ“གནད་སྨིན་གཅིག་སྡུད་ངང་གནས་གཏན་འཁེལ་གྱིས་རྣམ་གྲངས་ལ་དམ་འཛིན་བྱེད་པ་དང་། གནད་སྨིན་དཀའ་སེལ་ངང་མཁྲེགས་སར་གཏུགས་ནས་དཀའ་གནད་ལས་སྒྲོལ་བ། གནད་སྨིན་ནུས་འཚོལ་ངང་ངོ་ཐུག་གདོང་འཕྲད་ཀྱིས་ལས་དོན་ལ་དཔྱད་བསྡུར་བྱེད་པ། གནད་སྨིན་འགན་འདེད་ངང་ཏན་ཏན་ཏིག་ཏིག་གིས་སྤྱོད་ཚུལ་ལེགས་སུ་གཏོང་བ”བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ནས། སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཆབ་སྲིད་འཛུགས་སྐྱོང་ནི་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྤྱི་འདོམས་བྱེད་པའི“རྩ་གནད”དང“བླ་སྲོག”ཡིན་པས། དམིགས་ཚད་ལ་གཞིགས་ནས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐོག་མཐའ་བར་གསུམ་དུ་སེམས་ནང་ཏང་ཡོད་པ་དང་ཏང་ལ་ལྷག་བསམ་རྣམ་དག་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་མཐའ་གཅིག་ཏུ་འཁྱོལ་བར་བྱེད་དགོས། སྟོན་ཕྱོགས་ཡག་པོ་འཛུགས་པ་དང་སྤྱོད་ཚུལ་ལེགས་སུ་བཏང་ནས“བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་ལ་དམིགས་པ་དང་། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ནན་ལ་ཚད་དང་ལྡན་པ་དང་གཞུང་དྲང་ཤེས་དཔལ་གྱི་སྒོ་ནས་ཁྲིམས་སྐྱོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་འཛུགས་སྐྱོང་ལོའི་བྱ་སྤྱོད་ལག་བསྟར་ཡག་པོ་བྱེད་པ། “སྤྱོད་ཚུལ་སྒྱུར་བ་དང་ཁོར་ཡུག་ལེགས་སུ་གཏོང་བའི”ཆེད་དོན་བཅོས་སྒྲིག་བྱེད་པ། སྔོན་རྩིས་ལ་དོ་དམ་ནན་པོ་བྱེད་པ། ཁྲལ་རིན་གཉིས་གཅོག་དང་ཁེ་བཟང་སྤྲོད་པ། དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་བ། དམངས་ཕན་སྲིད་ཇུས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ།“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”དང་དམངས་འཚོའི་བྱ་བ་དངོས་38ལག་བསྟར་ཡག་པོ་བཅས་བྱེད་དགོས། འགག་རྩ་བརྟན་དུ་བཏང་ནས་ཕུགས་ཕན་ལ་སྐུལ་འདེད་བཏང་སྟེ“གཙོ་འགན་འཁུར་མཁན”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བསམ་འཆར་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བསམ་འཆར་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། “འགག་རྩའི་ཉུང་ཤས”དང“གཙོ་གནད་ཁྱབ་ཁོངས”ཀྱི་ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པར་སྲིད་གཙང་སློབ་གསོ་རྒྱག་པའི་ཉེན་བརྡའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ན་གཞོན་ལས་བྱེད་པར་སྤྱོད་གཙང་སྲིད་ཞུགས་ཀྱི“གོམ་པ་དང་པོ”ཡག་པོ་སྤོ་དགོས་པའི་ཁྲིད་སྟོན་བྱེད་པ་བཅས་བྱེད་དགོས། གཙོ་གནད་མངོན་གསལ་དོད་པོས་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས“དངུལ་ཁུག”དང“ཐམ་ག”དམ་པོ་སྲུང་བ་དང་། ཀྲུང་དབྱང་གི་ཐད་སྤྲོད་མ་དངུལ་དོན་འཁྱོལ་བྱས་ཚུལ་དང་། དམངས་འཚོའི་ཁྱབ་ཁོངས་ཀྱི་མ་འཇོག ལས་གྲྭ་འཛུགས་སྐྲུན། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སོགས་ཁྱབ་ཁོངས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་བསྡུ་སྒྲིལ་མཉམ་སྤྱོད་མགྱོགས་པོ་བྱེད་པ། འགོ་ཁྲིད་མི་སྒེར་གྱི་ཞིབ་མཆན་འགོད་དབང་དང་གཞི་རིམ་གྱི་ཚབ་སྒྲུབ་མི་སྣའི་ཐག་གཅོད་དབང་ཚད་ལྡན་དང་ཉུང་དུ་གཏོང་བ་བཅས་བྱེད་དགོས། འགན་འཁྲི་ནན་དུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་སྲིད་གཙང་སྤྱོད་གཙང་ལ་བརྟེན་ནས་སྤྱོད་གཙང་གཞུང་དྲང་ལ་སྐུལ་ཁྲིད་བྱེད་པ་དང་གཟུགས་བརྙན་བཟང་པོ་བཏོད་དེ་སྤྱོད་གཙང་གི་སྲིད་གཞུང་འཛུགས་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།