དབུ་ཤོག>སྲིད་དོན།
  • ལའེ་ཅའོ་ཡིས་ཆབ་མདོར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-27

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་པེ་ཅིང་གྲོང་གསར་དང་། གྲོང་ཁྱེར་སྤྱི་བདེ་ཅུས། དཔལ་འབྱོར་གསར་སྤེལ་ཁུལ་གྱི་བོད་ཕག་གྲངས་གཞི་ཆེ་མོའི་ལྟེ་གནས། གྲོང་ཁྱེར་མི་དམངས་སྨན་ཁང་། ཚོད་ལྟའི་སློབ་ཆུང་སོགས་སུ་ཕེབས་ཏེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་དང་། གྲོང་གསེབ་དར་རྒྱས། ལས་བྱེད་པ་གྲོང་སྡོད། ལས་བྱེད་ཤེས་ལྡན་མི་སྣའི་བོད་སྐྱོར་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆབ་མདོ་གྲོང་ཁྱེར་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་པ་དང་གསར་བརྗེའི་སློབ་གསོ་དང་ལེན་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།