ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུཌ་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་རྣམ་གྲངས་འཛུགས་སྐྲུན་དོ་དམ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་ལྷ་ས་གྲོང་ཁྱེར་གྱི་རྣམ་གྲངས་འཛུགས་སྐྲུན་གྱི་དུས་འགོའི་ལས་དོན་སྙན་ཞུ་གསན་པ་དང་། ད་དུང་གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་ཀྱང་གནང་བ་རེད།
ལའེ་ཅའོ་ཡིས། ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་བསྐྲུན་རྒྱུ་ནི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་སྐྱོར་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་དང་། བོད་སྐྱོར་ལས་བྱེད་པ་གཞིས་ཆགས་ཐུབ་པ་དང་། སེམས་གནས་ཐུབ་པ། བློ་བདེ་པོའི་ངང་ལས་ཀ་བྱེད་ཐུབ་པ་བཅས་ལ་སྐུལ་ལྕག་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། བསམ་བློའི་ཐོག་ནས་དམ་འཛིན་བྱས་ཏེ“འགོ་འཛུགས་པ་ནི་མཐའ་མའི་གདོང་མཆོང་ཡིན་པའི”འདུ་ཤེས་ཟབ་ཏུ་བཏང་ནས་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། ལྷུ་ཚིགས་ཐད་དམ་འཛིན་ནན་པོ་བྱས་ནས་ལས་གྲྭ་འཛུགས་སྐྲུན་གྱི་གོ་རིམ་ལག་བསྟར་ནན་ཏན་བྱེད་པ་དང་། རྣམ་གྲངས་འོས་སྐུལ་འོས་དཔོད་ཀྱི་འགག་སྒོ་ནན་པོ་སྲུང་བ། ཐོབ་ཐང་ལྡན་པ་དང་། ཡིད་རྟོན་ཡོད་པ། དངོས་ཤུགས་ཡོད་པ། སྤུས་ཚད་ལྡན་པ་བཅས་ཀྱི་ཁེ་ལས་བདམས་ནས་འཛུགས་སྐྲུན་གྱི་ལས་འགན་འཁུར་དུ་འཇུག་པ། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་གྱི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། བཀོད་གཏོང་དང་། ལྟ་སྐུལ། འགན་འདེད་སོགས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཉིན་རེར་ལས་འགན་ཁག་བགོས་ཡག་པོ་བྱེད་པ་དང་འགན་འཁྲི་མི་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱེད་དགོས་ཞེས་གསུངས་པ་རེད།
ལའེ་ཅའོ་ཡིས། ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་འཛུགས་སྐྲུན་རྣམ་གྲངས་ནི་དམངས་འཚོའི་འདུ་འགོད་ཅིག་རེད་ལ། ཆབ་སྲིད་ཀྱི་འདུ་འགོད་ཅིག་ཀྱང་རེད། ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་ལྷ་ས་གྲོང་ཁྱེར་གྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ལས་ཀའི་མཉམ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བྱ་བ་དངོས་ཏན་ཏིག་སྒྲུབ་པ་དང་བྱ་བ་བཟང་པོ་ཧུར་ཐག་བསྒྲུབས་ནས། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།