དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཚོང་གཉེར་ཁོར་ཡུག་ལེཌ་སུ་གཏོང་བའི་ལས་དོན་ལ་ཞིབ་འཇུག་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-22

    ཚེས་19ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་བླང་བྱ་དོན་འཁྱོལ། རང་ལྗོངས་ཀྱི་2022ལོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་སྤྱོད་ཇུས་གཞིར་ཞིབ་འཇུག་བཅས་བྱས་པ་མ་ཟད། འབྲེལ་ཡོད་ལས་དོན་ལ་བཀོད་སྒྲིག་ཀྱང་བྱས་པ་རེད།

    ཁྲེན་ཡུང་ཆིས་གསུངས་དོན། ཚོང་གཉེར་ཁོར་ཡུག་ནི་འཇམ་ཤུགས་གལ་ཆེན་ཞིག་ཡིན་པས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་ནི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་གཏོང་བ་ཞིག་རེད། ཚུགས་གནས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་ཇེ་ཟབ་ཏུ་བཏང་སྟེ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང“ཡག་ཤོས་བཞིའི”ཚོང་གཉེར་ཁོར་ཡུག་གཏོད་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁོར་ཡུག་ད་ཡོད་གནས་བབ་ལ་གཞི་ཚུགས་པ་དང་། ཚོང་གཉེར་ཁོར་ཡུག་དང་ལྷག་དོན་དུ་སྲིད་དོན་ཁོར་ཡུག་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་མུ་མཐུད་བྱེད་ཟབ་ཏུ་གཏོང་བ། ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱིས་བསམ་འཆར་མང་པོ་འདོན་པའི་དཀའ་ས་དང་། གནད་ས། འགག་ས་བཅས་ཐག་གཅོད་ཏན་ཏིག་བྱས་ནས་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་གང་ལེགས་འདོན་དགོས། རང་ཉིད་དང་། ད་ལྟ། ཆུང་ས་བཅས་ནས་འགོ་བཙུགས་ཏེ་གྲི་དངོ་རང་གཏད་ཀྱི་སྙིང་སྟོབས་དང་དངོས་སྒྲུབ་གོ་ཆོད་ཀྱི་བྱེད་ཐབས་སྤྱད་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་འགན་གཙོ་བོར་དམིགས་ནས་རེ་རེ་བཞིན་སྐུལ་འདེད་གཏོང་བ་དང་རེ་རེ་བཞིན་མཐོ་རུ་བཏང་སྟེ། ཞབས་འདེགས་ཀྱི་འདུ་ཤེས་རྗེས་ལུས་དང་། སྲིད་དོན་ཞབས་འདེགས་ལེགས་པོ་མེད་པ། ཁྲོམ་རའི་འགྲན་རྩོད་འདྲ་མཉམ་མེད་པ། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བ། ཁྲལ་རིན་གཉིས་གཅོག་བྱེད་ཤུགས་ཆེན་པོ་མེད་པ། གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་མཐར་ཕྱིན་ཐུབ་མེད་པ། ཁྲིམས་འཛིན་ལྟ་འདོམས་ཀྱི་ཕན་འབྲས་ཆུང་བ། སྲིད་ཇུས་དོན་འཁྱོལ་གྱི་ཕན་འབྲས་ཞན་པ་སོགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་སྔོན་མ་ལས་རྗེས་མ་ལྷག་པ་ཡོང་བར་བྱེད་དགོས། བྱེད་ཐབས་ཞིབ་ཕྲ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་འགན་ཁག་བགོས་གསལ་པོ་བྱེད་པ། ལས་དོན་གྱི་འགན་འཁྲི་ནན་དུ་གཏོང་བ། མཐུན་སྦྱོར་བཀོད་གཏོང་ལ་ཤུགས་སྣོན། ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་ལ་ཕན་པ་དང་དམངས་ལ་ཕན་འདོགས་པའི་ཚོང་གཉེར་ཁོར་ཡུག་ཧུར་ཐག་བཏོད་དེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་དམངས་ཀྱིས་ཤེས་ཚད་མཐོ་རུ་གཏོང་དགོས་ལ། རང་འགུལ་ངང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་རྒྱབ་སྐྱོར་དང་ཚོང་གཉེར་ཁོར་ཡུག་སྐྲུན་པར་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཆགས་གང་ཐུབ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།