དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-22

    ◆ མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་བསྟར་བ་དང་འཕྲལ་སྡོམ་དོ་དམ་ལས་ཀའི་སྤྱི་ཡོངས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱེད་དགོས།

    07fba69b-4ba8-4cb2-bd66-f4554c85cce5.jpg.jpg

    ཟླ་4ཚེས་20ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་སུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོར་བྱམས་བརྩེའི་ངང་འཚམས་འདྲི་གནང་བཞིན་པ།

    ཟླ་4ཚེས་20ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་སུ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། བདེ་འཇགས་ཐོན་སྐྱེད་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་བསྟར་བ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་ཡག་པོ། འཕྲལ་སྡོམ་དོ་དམ་ལས་ཀའི་སྤྱི་ཡོངས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    སྡོད་བྱ་ཁང་དང་། འཕྲལ་སྡོམ་བཀོད་འདོམས་ལྟེ་གནས། རྫས་འགྱུར་ཉེན་ཁའི་དངོས་རྫས་ཐོ་འགོད་གཞུང་ལས་ཁང་། གེགས་སེལ་འགན་སྲུང་ཁྲུའུ་བཅས་སུ་ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་།འབྲུབ་འགོག་ཐན་འགོག་གི་ཉེན་ཁའི་ལྟ་ཞིབ་ཚད་ལེན། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལྟ་འདོམས། ནགས་ཚལ་དང་རྩྭ་ཐང་གི་གནོད་འཚེ་སྔོན་འགོག་དང་མེ་གསོད་ཀྱི་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་འཁོར་རྒྱུག་གི་གནས་ཚུལ་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། བརྙན་ལམ་སྦྲེལ་མཐུད་བརྒྱུད་ཉིང་ཁྲི་གྲོང་ཁྱེར་གྱི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་འཕུར་སྐྱོད་ནང་སྦྱོང་ལའང་གཟིགས་པ་རེད།

    ལྗོངས་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ལས་དོན་སྐོར་གྱི་སྙན་སེང་གསན་རྗེས། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་བཙུགས་ཚུན། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་འཕྲལ་སྡོམ་དོ་དམ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕྲལ་སྡོམ་རོགས་སྐྱོབ་ཀྱི་ཕན་ནུས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། གནོད་འཚེ་སྔོན་འགོག་དང་ཆུང་གཏོང་གི་ནུས་པ་ཆེ་རུ་གཏོང་བ། རྒྱལ་ཡོངས་ཀྱི་སྔོན་ཐོན་དཔེ་བཟང་ཁག་གཅིག་ཐོན་པ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་བདེ་འཇགས་བརྟན་ལྷིང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་དང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བྱམས་བརྩེའི་འཚམས་འདྲི་ཞུས་ཤིང་། ཁོང་གིས་རིམ་པ་ཁག་གི་འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་སྔོན་འགོག་དང་། ལྟ་འདོམས། འཕྲལ་སྡོམ་ཐག་གཅོད་སོགས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ“འཕྲལ་སྡོམ་ཆེན་པོའི”དོ་དམ་མ་ལག་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་འཕྲལ་སྡོམ་དོ་དམ་སྡེ་ཚན་གྱི་འགན་འཁྲི་གསར་པ་འཁུར་ཕོད་པ་དང་བྱས་རྗེས་གསར་པ་ཧུར་ཐག་འཇོག་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ནས་དེའི་ནང་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བརྟག་ཐབས་བཅས་ཁོང་དུ་ཆུད་གང་ཐུབ་བྱེད་པ་དང་། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ནམ་ཡང་ཚར་དུས་མེད་པར་ངོས་འཛིན་གསལ་པོ་བྱེད་པ། ཉེན་བརྡ་རྒྱུན་གྲོགས་དང་རྒྱུན་དུ་ནས་དོགས་ཟོན་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། འཕྲལ་སྡོམ་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། མ་བྱུང་སྔོན་འགོག་དང་རྐྱེན་མ་བྱུང་གོང་ནས་ཟློག་པ་བཅས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་མཐའ་གཅིག་ཏུ་ཡག་པོ་སྲུང་དགོས། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ལས་ཀ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། གཏོགས་ཁོངས་ཀྱི་འགན་འཁྲི་དང་། སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་ནན་དུ་གཏོང་བ། “སྔོན་འགོག”དང“རོགས་སྐྱོབ”ཀྱི་འགན་འཁྲི་སྦྲེལ་མཐུད་ཡག་པོ་བྱེད་པ། རྒྱུན་གཏན་གྱི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། ལས་དོན་གྱི་སྤྱི་ཡོངས་ཀྱི་མཉམ་ཤུགས་ཤིག་ཆགས་པ་བཅས་བྱས་ནས། བདེ་འཇགས་འགན་འཁྲི་དང་། བདེ་འཇགས་མ་དངུལ། བདེ་འཇགས་གསོ་སྦྱོང་། བདེ་འཇགས་དོ་དམ། འཕྲལ་སྡོམ་རོགས་སྐྱོབ་བཅས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་བ་དང་། ཞིབ་ཚགས་ངང་བཅོས་སྐྱོང་དང་། འབྱུང་རྩ་ནས་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་རྒྱུར་སྣང་ཆེན་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ཀྱི་སྒུལ་རྣམ་གྱི་སྙོམས་གནས་གནད་འཁེལ་ངང་བཙལ་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་མཉམ་འགུལ་བཟང་པོ་མངོན་འགྱུར་ཡོང་བར་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་མཐའ་འཁྱོངས་བྱེད་པ་དང་། འགོག་ཟོན་སྔོན་ལ་བྱེད་པ་དང་འགོག་ཟོན་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཤེས་རྟོགས་དང་མཉམ་དུ་བཅོས་སྒྲིག་གི་ལས་དོན་སྤེལ་བ། སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ། ཡོངས་བསྒྲགས་ངང་དམར་འདོན་གྱི་རྒྱུན་རྣམ་ཅན་གྱི་ལམ་ལུགས་ཆགས་པ་བཅས་བྱས་ནས། སྔ་ཙམ་ཤེས་རྟོགས་དང་ཆུང་ས་ནས་ཐག་གཅོད་ཏན་ཏིག་བྱེད་དགོས། ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་འཛིན་ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གཙོ་གནད་ལས་རིགས་དང་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་དོ་དམ་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་བྱེད་སྟངས་ལེགས་སུ་གཏོང་བ། ལས་འགན་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འཛིན་ཆུ་ཚད་མཐོ་རུ་གཏོང་དགོས། ཚན་རྩལ་གྱི་འདུ་ཤེས་ཟབ་ཏུ་དང་ཚན་རྩལ་འདེགས་སྐྱོར་གྱི་ལས་དོན་ཏན་ཏིག་སྒྲུབ་པ་དང་། “ཚན་རྩལ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་བ་དང་ཆ་འཕྲིན་ཅན་ལ་བརྟེན་ནས་འཐབ་ནུས་ཆེ་རུ་གཏོང་བའི”འདུ་ཤེས་འཛུགས་པ། ཚན་རྩལ་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་དུས་བབ་ཆེན་པོ་དང་འཚམ་པ་བྱེད་པ། ཚན་རྩལ་ཐོན་ཁུངས་ཀྱི་བཀོད་པ་ལེགས་སུ་གཏོང་བ། ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་དང་། བཀོད་འདོམས་བཀོད་གཏོང་། ཉེན་སེལ་རོགས་སྐྱོབ་བཅས་ཀྱི་མ་ལག་ཡག་པོ་འཛུགས་པ་དང་སྤྱོད་པ། ཉེན་ཁའི་དུས་འགོའི་དབྱེ་འབྱེད་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་བའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། ཉེན་སེལ་རོགས་སྐྱོབ་དང་ལེན་གྱི་མྱུར་ཚད་དང་ཐག་གཅོད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། ལམ་ལུགས་ཀྱི་འདུ་ཤེས་ཟབ་ཏུ་དང་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། དེང་རབས་ཅན་གྱི་འཕྲལ་སྡོམ་བཀོད་འདོམས་དང་། ཉེན་ཁ་འགོག་ཟོན། འཕྲལ་སྡོམ་རོགས་སྐྱོབ་ཀྱི་སྟོབས་ཤུགས། འཕྲལ་སྡོམ་དངོས་ཟོག་འགན་ལེན། ཚན་རྩལ་འདེགས་སྐྱོར་དང་། ཤེས་ལྡན་མི་སྣའི་འགན་ལེན། འཕྲལ་སྡོམ་དོ་དམ་ཁྲིམས་སྐྱོང་སོགས་ཀྱི་ནང་དོན་འཛུགས་སྐྱོང་ལ་དམིགས་ནས། འཕྲལ་སྡོམ་དོ་དམ་མ་ལག་དང་ནུས་པ་དེང་རབས་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་མཐའ་འཁྱོངས་དང་། འཕྲལ་སྡོམ་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་ཇུས་གྲ་སྒྲིག་དང་། ལམ་སྲོལ་གྲ་སྒྲིག སྒྲིག་ཆས་གྲ་སྒྲིག་བཅས་ལ་ཤུགས་སྣོན་བརྒྱབ་ནས། ཉེན་ཁ་འགོག་ཟོན་དང་བཀག་འགོག་གི་གྲ་སྒྲིག་ཡོད་པའི་དམག་འཐབ་ཡག་པོ་རྒྱག་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་འཕྲལ་སྡོམ་དོ་དམ་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། འཕྲལ་སྡོམ་དོ་དམ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྔོན་ལ་མིག་དཔེ་བསྟན་ཏེ། “འགོ་ཁྲིད་ཨང་དང་པོའི”འགན་འཁྲི་ནན་དུ་ཏན་ཏིག་བཏང་ནས། ལས་རིགས་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་དང་། ལས་སྒོར་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ། ཐོན་སྐྱེད་གཉེར་སྐྱོང་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བཅས་བྱེད་དགོས། ཆབ་སྲིད་ལས་ཁུངས་དང་། དངོས་འཐབ་སྡེ་ཚན། སྒྲིག་ཁྲིམས་དམག་དཔུང་བཅས་ཀྱི་ཚུགས་གནས་ལ་གཞིགས་ནས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་པ་དང་། གོ་ཚོན་གྱི་ཆུ་ཚད་དང་དཔུང་ཁག་གི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བ། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བའི་ནུས་པ་ཆེ་རུ་གཏོང་བ། ལས་དོན་གཅིག་སྒྲུབ་ཚེ་དེར་དགའ་ཞེན་དང་བྱང་ཆུབ་པོ་ཡོང་བར་བྱེད་པ། ཏང་དང་མི་དམངས་ཀྱི“མཚན་སྲུང་བ”ཡག་པོ་ཞིག་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཟབ་པ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་ལེན་ཡོད་པ་བཅས་བྱེད་དགོས། དམ་ཞིང་ནན་པའི་རྩ་བའི་དགོངས་གཞི་ཡུན་རིང་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།