དབུ་ཤོག>སྲིད་དོན།
  • གཞིས་རྩེ་གྲོང་ཁྱེར་གྱི་དེ་སྔའི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལིའུ་ཧུའུ་ཧྲན་གྱིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-19

    བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་དེ་སྔའི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལིའུ་ཧུའུ་ཧྲན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་ཤིང་། མིག་སྔར་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

    ལིའུ་ཧུའུ་ཧྲན་གྱི་ལོ་རྒྱུས་མདོར་བསྡུས།

    ལིའུ་ཧུའུ་ཧྲན། སྐྱེས་པ། རྒྱ་རིགས། 1967ལོའི་ཟླ་7པར་སྐྱེས། ཧུའུ་ནན་ཤང་ཐན་བ། 1987ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1987ལོའི་ཟླ་7པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།

    1987ལོའི་ཟླ་7པ་ནས་1992ལོའི་ཟླ་2པ་བར་བོད་རང་སྐྱོང་ལྗོངས་གློག་ཤུགས་ཐིང་ཕུན་ཚོགས་གློག་ཁང་དུ་ལས་ཀ་བྱས།

    1992ལོའི་ཟླ་2པ་ནས་1994ལོའི་ཟླ་1བར་བོད་རང་སྐྱོང་ལྗོངས་ལྷ་ས་གློག་ལས་ཅུས་གཞུང་ལས་ཁང་གི་དྲུང་ཡིག་དང་ཀྲུའུ་རེན་གཞོན་པ་བྱས།

    1994ལོའི་ཟླ་1ནས་1995ལོའི་ཟླ་4པ་བར་བོད་རང་སྐྱོང་ལྗོངས་ལྷ་ས་གློག་ལས་ཅུས་ཀྱི་ཅུས་ཀྲང་གི་ལས་རོགས་བྱས།

    1995ལོའི་ཟླ་4པ་ནས་1998ལོའི་ཟླ་8པ་བར་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་འཕེལ་རྒྱས་པུའི་ཀྲུའུ་རེན་ཁོའོ་ཡོན་བྱས།

    1998ལོའི་ཟླ་8པ་ནས་2001ལོའི་ཟླ་11པའི་བར་བོད་རང་སྐྱོང་ལྗོངས་བྲག་གསུམ་མཚོ་གཞོན་ནུ་ལོ་ཆུང་བྱེད་སྒོའི་སྒར་སའི་ཀྲུའུ་རེན(རྫོང་རིམ་པ་གཞོན་པ)བྱས།

    2001ལོའི་ཟླ་11པ་ནས་2003ལོའི་ཟླ་10པ་བར་ཀྲུང་གོ་གཞོན་ནུ་ཡུལ་སྐོར་ལས་དོན་ཁང་བོད་ལྗོངས་ཡན་ལག་ཁང་གི་སྤྱི་ཁྱབ་ཅིང་ལི(རྫོང་རིམ་པ་རྒན་པ)བྱས།

    2003ལོའི་ཟླ་10པ་ནས་2004ལོའི་ཟླ་6པ་བར་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ནོར་དོན་འཆར་འགོད་སྒྲིག་ཆས་དོ་དམ་ཁྲུའུ་ཡི་ཁྲུའུ་རིམ་པ་རྒན་པའི་ལས་བྱེད་པ་བྱས།

    2004ལོའི་ཟླ་6པ་ནས་2009ལོའི་ཟླ་1བར་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ནོར་དོན་འཆར་འགོད་སྒྲིག་ཆས་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་བྱས།

    2009ལོའི་ཟླ་1ནས་2012ལོའི་ཟླ་4པ་བར་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཁོངས་མི་དང་ཡོན་ཀྲང་གཞོན་པ་བྱས།

    2012ལོའི་ཟླ་4པ་ནས་2014ལོའི་ཟླ་2པ་བར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲུང་ཆེ་གཞོན་པ་དང་ཁྲེང་ཏུར་བཅའ་སྡོད་རང་སྐྱོང་ལྗོངས་སྲིད་གཞུང་དོན་གཅོད་ཁྲུའུ་ཡི་ཏང་ཨུད་ཀྱི་ཨུ་ཡོན་དང་ཀྲུའུ་རེན་གཞོན་པ་བྱས།

    2014ལོའི་ཟླ་2པ་ནས་2014ལོའི་ཟླ་12པའི་བར་བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ(ས་ཁུལ་རིམ་པ་རྒན་པ)བྱས།

    2014ལོའི་ཟླ་12པ་ནས་2015ལོའི་ཟླ་9པ་བར་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བྱས།

    2015ལོའི་ཟླ་9པ་ནས་2021ལོའི་ཟླ་5པ་བར་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་བྱས།

    2021ལོའི་ཟླ་5པ་ནས་2022ལོའི་ཟླ་4པ་བར་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མི་དང་ལས་ཁུངས་ཏང་ཙུའི་ཧྲུའུ་ཅི་དང་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེའི་འོས་མི་བྱས།

    2022ལོའི་ཟླ་4པར་གོ་གནས་མེད་པར་བཟོས་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།