དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-19

    ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ཏེ་ཧུར་བརྩོན་དང་རང་འགུལ་གྱི་སྙིང་སྟོབས་ལ་བརྟེན་ནས་རྒྱལ་ཁབ་ལ་བྱས་རྗེས་ཧུར་ཐག་འཇོག་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུར་དམིགས་ནས་ཆེད་དོན་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བཅས་བྱས་ཏེ། ཧུར་བརྩོན་དང་རང་འགུལ་གྱི་སྙིང་སྟོབས་ལ་བརྟེན་ནས་རྒྱལ་ཁབ་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མིས་སྐྱེ་ཁམས་ཁོར་ཡུག་པུའུ་ཁོར་ཡུག་འཆར་འགོད་ཁང་གི་ཡོན་ཧྲི་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝང་ཅིན་ནན་གྱིས་གནང་བའི་ཟུར་ཁྲིད་སྙན་ཞུ་ཉན་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུར་དམིགས་ནས་ནན་ཏན་ངང་རང་སྦྱོང་བྱས་པ་དང་གཏམ་བཤད་དཔྱད་གཞི་བྲིས་པ་རེད། བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ཀྲོང་ཡན། ཤའོ་ཡིའུ་ཚའེ་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སྐོར་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། སྐྱེ་ཁམས་དེ་བོད་ཀྱི“དོན་ཆེན་བཞིའི”ནང་དོན་གལ་ཆེན་ལ་བརྩིས་ནས་བཀོད་སྒྲིག་གནང་བས་ང་ཚོར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་ཡག་པོ་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་སྟེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བོད་དུ་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་ཐུབ་པའི་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པར་བརྟེན་ནས་ལས་ཀའི་སྤྱི་ཡོངས་ལ་གཅིག་འདོམས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་གཅིག་གྱུར་ཡོང་བར་བྱེད་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས། མིག་སྔར་གཞི་འཛུགས་པ་དང་ཕུགས་ལ་དམིགས་ཏེ། སྐྱེ་ཁམས་བདེ་འཇགས་དང་འཕེལ་རྒྱས་བདེ་འཇགས་དང་། དཔལ་འབྱོར་འཛུགས་སྐྲུན་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྤྱི་ཚོགས་འཛུགས་སྐྲུན། སྲོལ་རྒྱུན་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་བཅས་དབར་གྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་ཀྱིས། ནུས་རྒྱུ་གཙང་མ་དང་སྐྱེ་ཁམས་ཡུལ་སྐོར་རིག་གནས་སོགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་སྐྱེ་ཁམས་དམངས་ཕྱུག་དམངས་ཕན་གྱི་བྱ་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས། སྐྱེ་ཁམས་འཛུགས་སྐྱོང་ཐོན་ལས་ཅན་དང་ཐོན་ལས་འཕེལ་རྒྱས་སྐྱེ་ཁམས་ཅན་གྱི་མཐུན་སྦྱོར་སྐུལ་འདེད་མངོན་འགྱུར་ཡོང་བ་བྱེད་དགོས། “འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”མཐའ་གཅིག་ཏུ་ཡག་པོ་བརྒྱབ་ནས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་ལས་ཀའི་ཞན་ཆ་སེལ་རྒྱུ་མཐའ་འཁྱོངས་བྱེད་པ་དང་མང་ཚོགས་ཉེ་འགྲམ་གྱི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱས་ནས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་དམིགས་ཚད་ཐད་སྦགས་བཙོག་འགོག་བཅོས་དེ་མུ་མཐུད་སྤུས་ཚད་ལེགས་པོ་དང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་བཟང་པོའི་ཁྲོད་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས། ཕུགས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་གི་འགན་འཁྲི་ཕྲག་ཐོག་ཏུ་མཐའ་གཅིག་ཏུ་འཁུར་བ་དང་། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་དང་། ལྷ་སའི་ལྷོ་བྱང་རི་སྔོ་འགྱུར། བྱེ་འགོག་བྱེ་བཅོས་སོགས་གཙོ་གནད་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་བ། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་ལྟ་འདོམས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྐྱེ་ཁམས་མ་ལག་གི་བརྟན་པོའི་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས། སྐྱེ་ཁམས་ཤེས་དཔལ་གྱི་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁོར་ཡུག་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དེང་རབས་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོང་གི་ཆུ་ཚད་དང་ལས་ཆོད་ཆེ་རུ་གཏོང་བ་བཅས་བྱས་ནས། དེང་རབས་ཁོར་ཡུག་བཅོས་སྐྱོང་གི་མ་ལག་མགྱོགས་མྱུར་སྐྲུན་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གནད་དོན་གྱི་སྟོན་ཕྱོགས་ལ་ཤུགས་སྣོན་རྒྱག་པ་དང་གཅིག་ཤེས་ཀུན་གྲོལ་བྱས་ཏེ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་གནད་དོན་དག་ཐེར་ལ་ཆད་ལུས་མེད་པར་དམ་འཛིན་ཡག་པོ་བྱེད་དགོས། ཚུགས་གནས་མཐོ་རུ་བཏང་ནས་དག་ཐེར་ལ་དམ་འཛིན་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ནས་དག་ཐེར་ལས་ཀའི་རྣམ་འགྱུར་བརྟན་པོ་དང་། བྱེད་ཐབས་ནུས་ལྡན། བྱ་སྤྱོད་མྱུར་བ་བཅས་ཐུབ་པར་བྱེད་དགོས། ཚད་གཞི་ལྟར་དག་ཐེར་ལ་དམ་འཛིན་མཐའ་འཁྱོངས་བྱས་ཏེ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་བསྟན་པའི་དཔེ་མཚོན་གྱོད་གཞི་དང་། ཚུར་ལན་སྤྲད་པའི་གནད་དོན་གྱི་ཁུངས་སྣེ། བསྒྲུབ་རྒྱུར་རྩིས་སྤྲོད་པའི་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་བཅས་ལ་ལྟ་སྐུལ་བྱེད་ཀྱིན་དག་ཐེར་དང་། ཤེས་འཕྲལ་ལེགས་བཅོས། འཕྲལ་སྒྲུབ་འཕྲལ་བཅོས་བཅས་བྱས་ནས་དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པ་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ཏེ་གནས་སྐབས་ཐག་གཅོད་མི་ཐུབ་པའི་རིགས་ལ་ཐག་གཅོད་ཀྱི་ཇུས་གཞི་བཟོ་བ་དང་། ཕྱི་ཚུལ་གྱི་དག་ཐེར་དང་། དག་ཐེར་རྫུས་མ། དག་ཐེར་འཕྲལ་སེལ་སླ་བཅོས་བཅས་མ་བྱུང་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། དག་ཐེར་ལས་དོན་སྟབས་བདེ་ཅན་དང“གཅིག་དཔེ་བརྒྱ་འགེབས”སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། འཛེམ་མེད་དམར་འདོན་གྱིས་དག་ཐེར་ལ་དམ་འཛིན་བྱེད་པ་དང་གནད་དོན་དང་འགན་འཁྲིའི་གསལ་ཐོ་དང་ཡང་ཡང་བསྡུར་ནས། ནད་རྩ་བརྟག་པ་དང་། ནད་རྐྱེན་འཚོལ་བ། ནད་ཁུངས་བཤེར་བ་བཅས་བྱས་ཏེ་ནད་གཞི་དང་འབྱུང་རྩ་གནད་འཁེལ་འཚོལ་བ་དང་། རྩིས་ཐོ་རེ་རེ་བཞིན་བཟོ་བ། ཆེད་བསྐོས་མི་སྣས་འགན་འཁུར་བ། མིང་སྦྱར་ལྟ་སྐུལ། གནད་དོན་རེ་རེ་བཞིན་ཐག་གཅོད། ལས་དོན་རེ་རེ་བཞིན་དག་ཐེར་བཅས་བྱས་ནས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བའི་འགན་ལེན་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བྱ་སྤྱོད་དང་ཕན་འབྲས་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།