དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-19

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་སྐོང་ཚོགས་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་2022ལོའི་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ། འདི་ལོའི་ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་ཀྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་འདས་ཟིན་པའི་ལོ་གཅིག་རིང་གི་ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་ཀྱི་ཕན་འབྲས་ལ་ཁས་ལེན་བྱས་ཤིང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ། དངོས་འཛིན་དངོས་སྒྲུབ་དང་འགག་སྒྲོལ་དཀའ་སེལ་བྱེད་པ། གཙོ་གནད་སྒྱུར་བཅོས་ཀྱི་ལས་འགན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་ནན་པོ་བྱས་ནས་ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་ཀྱི་རྩ་དོན་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྒྱུར་བཅོས་ཀྱིས“དོན་ཆེན་བཞིར”ཞབས་འདེགས་ཞུ་བ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་འབྲེལ་གཞི་དང་། ཤུགས་རྒྱག་ས། འཇུག་གཞི་བཅས་འཚོལ་ཞིབ་ཡང་དག་བྱས་ནས། སྒྱུར་བཅོས་ལྗོངས་ཡོངས་ཀྱི་སྤྱི་ཡོངས་དང་ཕྱོགས་མཐུན་མདུན་སྐྱོད་དང་གོམ་སྟབས་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་སྟེ་བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་བཟུང་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་། ལམ་སྲོལ་གསར་པ་འཚོལ་ཞིབ། གནད་དོན་གསར་པ་ཐག་གཅོད་བཅས་བྱས་ནས། ཏང་འཛུགས་སྐྱོང་ལམ་ལུགས་ཀྱི་སྒྱུར་བཅོས་ཐད་ཚད་བརྒལ་གསར་པ་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། བྱེད་སྟངས་དང་བྱ་ཐབས་ལ་སྣང་ཆེན་བྱས་ཏེ་བསམ་བློར་བཅིངས་འགྲོལ་དང་དཀའ་བར་མི་འཛེམ་པར་མདུན་སྐྱོད་དང་། བརྟན་ཐོག་ཡར་འཕེལ་དང་གཙོ་གནད་ཚད་བརྒལ་མཐའ་འཁྱོངས་ཀྱིས་གསར་གཏོད་ཀྱི་བསམ་བློར་བརྟེན་ནས་རྒྱུན་གཏན་གྱི་བསམ་བློ་གཏོང་སྟངས་དང་ཐབས་ལམ་ལ་བརྟེན་དྲགས་པ་སེལ་བ་དང་། མཐའ་ཚད་ཀྱི་བསམ་བློར་བརྟེན་ནས་ཉེན་ཁ་འགོག་ཟོན་དང་སེལ་བ། སྤྱི་ཡོངས་ཀྱི་ལྟ་བར་བརྟེན་ནས་སྒྱུར་བཅོས་ཕྱོགས་བསྡུས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྒྱུར་བཅོས་ཀྱི་བྱེད་ཐབས་ཕན་ཚུན་སྦྲེལ་མཐུད་དང་། ཕན་ཚུན་མཐུན་སྦྱོར། ཕན་ཆེ་མཉམ་སྒྲུབ། སྐུལ་རེས་མཉམ་སྐྱོད་བཅས་ཡོང་བའི་འགན་ལེན་བྱེད་དགོས། འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་ལག་ལེན་དང་། དངོས་སྒྲུབ། ཕན་འབྲས་དངོས་བཅས་མཐའ་འཁྱོངས་བྱེད་པ་དང་། བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། སྒྱུར་བཅོས་ལས་འགན་རྣམ་གྲངས་ཅན་དང་། འགན་འཁྲི་སྡེ་ཚན་ཅན། དུས་ཚོད་མཚམས་ཚིགས་ཅན་བཅས་ལ་སྐུལ་འདེད་གཏོང་བ། རྩིས་ཐོར་དོ་དམ་དང་གདུབ་ཟུམ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལས་འགན་ཁག་ཆད་ལུས་མེད་པར་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ལ་ཚད་ལོན་པའི་རྒྱུགས་ལན་ཞིག་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།