དབུ་ཤོག>སྲིད་དོན།
  • དབང་ཧའེ་ཀྲོའུ་ཡིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2022ལོའི་པུའུ་དོན་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-18

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2022ལོའི་པུའུ་དོན་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད།

    དབང་ཧའེ་ཀྲོའུ་ཡིས། ལྗོངས་ཏང་ཨུད་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་རང་སྐྱོང་ལྗོངས་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུའི་ཐོག་གནང་བའི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། ལྗོངས་ཡོངས་ཀྱི་དྲ་འཕྲིན་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ཚང་མར་ཁྱབ་པ་བྱེད་དགོས། ཏང་གིས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་ལ་འགོ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་དྲ་རྒྱའི་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་དགོས། ལག་རྩལ་དང་། འཇོན་ཐང་། ཆུ་ཚད་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་བྱེད་ཐབས་དཔྱད་གཞིར་ཡག་པོ་འཛིན་པ་དང་སྤྱི་པའི་རིག་གནས་ཞབས་ཞུའི་གྲངས་འཛིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གཅིག་གྱུར་འཆར་འགོད་དང་། གཅིག་གྱུར་འཛུགས་སྐྲུན། གཅིག་གྱུར་བཀོལ་སྤྱོད་དང་བདག་སྐྱོང་བཅས་བྱེད་དགོས། དྲ་རྒྱའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་དང་། དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན། དྲ་རྒྱའི་བདེ་འཇགས་ཀྱི་སྲུང་ཡོལ་དམ་དུ་གཏོང་བ། དྲ་རྒྱའི་འབྲེལ་ཡོད་ཤེས་བྱ་སློབ་སྦྱོང་དང་། རྒྱུས་མངའ་ལོན་པ། བེད་སྤྱོད་བཅས་བྱས་ནས་དྲ་སྦྲེལ་བརྒྱུད་མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་སྐུལ་སློང་། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། ཁོང་གིས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ནས་འགན་འཁྲིའི་ལས་འགན་དང་། ལས་ཀའི་ལས་འགན། དམིགས་ཚད་བླང་བྱ་བཅས་ཁ་གསལ་བཟོས་ནས་ལས་དོན་གྱི་རྩིས་ཁྲ་ཞིབ་ཚགས་སུ་གཏོང་བ་དང་ལས་དོན་གྱི་སྤུས་ཚད་ལེགས་སུ་བཏང་སྟེ། འདུ་ཤེས་འཛིན་སྟངས་དང་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ལས་འགན་ཁག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།