དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-18

    ཚེས་15ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་། 《“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དེ་ཏང་ཡོངས་ཀྱི་ལས་དོན་ཁྲོད་ཀྱི་གལ་ཆེན་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། དེ་བཞིན་ཉེ་དུས་ཀྱི་གཙོ་གནད་ལས་དོན་སླར་ཡང་ནན་བཤད་དང་སླར་ཡང་བཀོད་སྒྲིག་བྱས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ནང“ཞིང་གསུམ”ལས་དོན་གྱི་འཐབ་ཇུས་ཀྱི་གནས་བབ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད། དུས་བབ་དང་ལས་འགན། བྱ་ཐབས་དང་བྱེད་ཐབས་བཅས་སྔར་བས་གསལ་བཤད་གཏིང་ཟབ་གནང་བ་དང་། དུས་སྐབས་གསར་པའི“ཞིང་གསུམ”འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་དང་དངོས་ཡོད་ཀྱི་གནད་དོན་གལ་ཆེན་མང་པོར་ཚན་རིག་དང་མཐུན་པའི་ངང་ལན་བསྐྱོན་ཡོད། དེ་ནི་དུས་སྐབས་གསར་པའི“ཞིང་གསུམ”ལས་དོན་ལ་མཛུབ་ཁྲིད་བྱེད་པའི་བསམ་བློའི་མཚོན་ཆ་གལ་ཆེན་ཞིག་རེད། ང་ཚོས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་བའི་ཆབ་སྲིད་ཀྱི་མཐོ་ཚད་ནས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལོན་པ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ། མི་དམངས་འཐུས་ཚོགས་ཀྱི་འགན་འཁྲིར་གཞི་ཚུགས་པ། འཆར་ཟིན་འགོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་དང་ཟུང་འབྲེལ། ཞིང་འབྲོག་ལས་སྤུས་ཚད་མཐོ་པོ་དང་ཕན་འབྲས་ཆེན་པོ་ཡོང་བ་དང་། ཞིང་འབྲོག་ཁུལ་གནས་འཕྲོད་ལས་འཕྲོད་ཡོང་བ། ཞིང་འབྲོག་མང་ཚོགས་འབྱོར་ཕྱུག་གྲ་རྒྱས་ཡོང་བ་བཅས་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས་ཞེས་བསྟན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས། འདི་ལོ་ནི་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་འཁྲི་སྒྲུབ་པའི་ལོ་མཇུག་ཤོས་དེ་རེད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་ཞིབ་འཇུག་བྱས་ནས་བཙུགས་པའི་ཆེད་དོན་སྐུལ་སྤེལ་དོན་འཁྱོལ་ཚོགས་ཆུང་གི་ལས་ཀའི་ལམ་སྲོལ་བདུན་པོ་གཞིར་བཟུང་། འགོ་ཁྲིད་ལ་ཤུགས་སྣོན་དང་། གནས་ཚད་མཐོ་པོས་སྐུལ་འདེད་གཏོང་བ། འགན་འཁྲི་དོན་འཁྱོལ། མྱུར་ཚད་མགྱོགས་སུ་གཏོང་བ། ཆེད་དོན་སྙན་སེང་དང་། ཟླ་རེའི་སྙན་སེང་། དུས་ཚིགས་རེར་སྙན་སེང་བཅས་ཞུ་བའི་ལམ་ལུགས་འཛུགས་པ། དུས་བཀག་ལྟར་ཕྱོགས་སྡོམ་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐབས་ཇུས་བཀོད་སྒྲིག་ཁག་མི་དམངས་འཐུས་ཚོགས་སུ་དོན་འཁྱོལ་ཏན་ཏིག་དང་དོན་འཁྱོལ་ཞིབ་ཚགས་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། ལས་ཀའི་ལས་འགན་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་དམིགས་ཚད་དང་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ། གཙོ་གནད་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་ཚོགས་འདུའི་ཟིན་བྲིས་ཡག་པོ་འབྲི་བ། གཙོ་གནད་ཁྲིམས་སྲོལ་སྒྲིག་བཟོ་གྲོས་ཞིབ་དང་ལྟ་སྐུལ་གྱི་ལས་དོན་གལ་ཆེན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། དུས་ཚིགས་གཉིས་པའི་ལས་དོན་ལ་སྤྱི་འདོམས་འཆར་འགོད་ཡག་པོ་བྱས་ཏེ། ལས་ཡུན་ལྡོག་སྒྲིག་དང་ལས་རིམ་གསལ་འགོད་བྱས་ནས་ལོ་འཁོར་གྱི་ལས་འགན་ཁག་ཕུན་སུམ་ཚོགས་པོས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་པ་དང་། མུ་མཐུད་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་གཏན་འགོག་བཅས་བྱས་ཏེ། ལས་དོན་ཁག་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྤུས་ཚད་མཐོ་པོ་དང་ལས་ཕྱོད་ཆེན་པོས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།