◆ དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ནས་ལས་དོན་གྱི་སྤྱི་ཡོངས་ལ་དམིགས་པ་དང་ལས་དོན་གྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་2022ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་ལས་དོན་སྒྲིག་སྲོལ་ལ་ཞིབ་འཇུག་དང་གྲོས་ཞིབ་གནང་བ་དང་2022ལོའི་ལས་དོན་གྱི་གཙོ་གནད་བཀོད་སྒྲིག་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། དེ་བཞིན་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་ཀའི་ལམ་སྲོལ། ལྟ་སྐུལ་དང་འགན་འཁྲི་བདའ་འདེད་གཏོང་བའི་ལམ་སྲོལ་བཅས་འཐུས་སྒོ་ཚང་དུ་གཏོང་དགོས། བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་རྒྱུ་དོན་ཐོག་ཏུ་འཁྱོལ་བ་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། མང་ཚོགས་ཀྱིས་གོ་སླ་བའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་སྤྱད་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཞི་རིམ་དུ་དྲིལ་བསྒྲགས་དང་མང་ཚོགས་ཀྱི་ཁྲོད་དུ་དྲིལ་བསྒྲགས་བཅས་བྱས་ནས་མང་ཚོགས་ཚོས་རིགས་པའི་གཞུང་ལུགས་ཁོང་དུ་ཏན་ཏིག་ཆུད་པར་བྱེད་དགོས། ཕུལ་བྱུང་ལས་བྱེད་པ་དང་ཤེས་ལྡན་པ་འབུར་ཐོན་ལམ་སྲོལ་ལ་ཕན་འབྲས་ཐོན་པར་དམ་འཛིན་མཐའ་འཁྱོངས་བྱས་ཏེ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོ་གླེང་བ་དང་། “གསོ་སྐྱོང་དང་། གདན་ཞུ། བཀོལ་སྤྱོད། གཞིས་ཆགས”བཅས་ཀྱི་འདུ་འགོད་ཆེན་པོ་བཞིར་སྐུལ་སྤེལ་ཏན་ཏིག་གཏོང་བ། དར་ཆ་གསལ་སྟོན་གྱིས་དངོས་སྒྲུབ་བྱས་རྗེས་པར་གཟེངས་བསྟོད་དང་། སྒྱུར་བཅོས་ཧུར་ཐག་བྱེད་མཁན་ལ་རྒྱབ་སྐྱོར། འཚོལ་ཞིབ་ཕོད་མཁན་ལ་ལྕག་སྐུལ། གཞུང་དོན་སྣང་མེད་གཏོང་མཁན་གྲལ་ཕུད། ཁྲིམས་འགལ་སྒྲིག་འགལ་ལ་ཉེས་ཆད་ནན་པོ་གཏོང་བ་བཅས་བྱེད་དགོས། གཞི་རིམ་ནས་དམ་འཛིན་དང་། རྨང་གཞི་བརྟན་དུ་གཏོང་བ། རྩ་བ་སྲ་བརྟན་དུ་གཏོང་བ་བཅས་ཀྱི་སྟོན་ཕྱོགས་གསལ་པོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ། གཞི་རིམ་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་གྱིས་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། མཐའ་མཚམས་ཀྱི་མངའ་ཁོངས་བརྟན་སྲུང་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་སྐྲུན་དགོས། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་བྱས་ནས་རྣམ་པ་གསར་པ་གཏོད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་བ། ལྟ་སྐུལ་སྒྲིག་བསྟར་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ལམ་ལུགས་ལག་ལེན་བསྟར་ཤུགས་ཐོག་མཐའ་བར་གསུམ་དུ་ཆེ་རུ་བཏང་ནས་ལམ་ལུགས་ཀྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་རང་ལྗོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཚན་རིག་རང་བཞིན་དང་། ཚད་ལྡན་རང་བཞིན། དངོས་ཕན་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གནད་དང་ཁྱོན་ཟུང་འབྲེལ་ལ་དོ་སྣང་བྱས་ཏེ་གནད་ཆེའི་ལྷུ་ཚིགས་ལ་དམ་འཛིན་བྱེད་པ་དང་། འགལ་བ་གཙོ་བོ་གནད་ལ་འཁེལ་པོས་འཚོལ་བ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བཅས་བྱེད་པ་དང་། གཙོ་གནད་འགག་སྒྲོལ་དང་གནད་ཀྱིས་ཁྱོན་ལ་སྣེ་ཁྲིད་དེ་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། སྤྱི་ཁོག་དང་བྱེ་བྲག་གཅིག་གྱུར་ཡོང་བར་དོ་སྣང་བྱས་ནས་ཆེ་སར་དམིགས་པ་དང་ཆུང་སར་དམ་འཛིན་གྱིས་སྤྱི་ཁོག་ནས་སྤྱི་འདོམས་བཀོད་སྒྲིག་བྱེད་དགོས་ལ། བྱེ་བྲག་ནས་ལྟ་སྐུལ་ཞིབ་བཤེར་དང་དོན་འཁྱོལ་ཡང་བྱེད་དགོས་པ་དང་། དོན་འཁྱོལ་ཏན་ཏིག་དང་ཞིབ་ཕྲར་འབད་བརྩོན་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ལྷོད་མེད་བྱེད་དགོས། སྤྱི་ཡོངས་ཀྱི་བཀོད་སྒྲིག་དང་དཔེ་མཚོན་སྣེ་ཁྲིད་ཟུང་འབྲེལ་ལ་སྣང་ཆེན་བྱས་ནས་གཞི་རིམ་དང་འཐབ་ས་དང་པོར་ཕྱོགས་ཏེ། ལས་རིགས་ཁག་དང་འཐབ་ཕྱོགས་ཁག་གི་ཉེ་འགྲམ་གྱི་དཔེ་མཚོན་འཚོལ་ཞིབ་དང་གཏོད་འདེམས་གཏིང་ཟབ་བྱེད་པ་དང་། ཉེ་འགྲམ་གྱི་བྱ་བ་བརྒྱུད་ཉེ་འགྲམ་གྱི་མིར་སློབ་གསོ་བཏང་སྟེ་ལས་བྱེད་པ་དང་མང་ཚོགས་ཚོར་སློབ་སྦྱོང་གི་མིག་དཔེ་དང་། བྱ་སྤྱོད་ཀྱི་དཔེ་སྟོན། རྗེས་སྙེག་གི་དམིགས་ཚད་བཅས་ཡོད་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་པའི་འགག་རྩ་ཏང་ལ་ཐུག་ཡོད་པས། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་གནད་སྨིན་ཡོང་བའི་འགན་ལེན་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ“མིག་དཔེ་དྲུག”སྟོན་ཐུབ་པ་དང་། དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ“དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞི”ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལས་དོན་ཁག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། འགན་འཁྲི་ནན་དུ་གཏོང་བ་དང་། བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་མཛུབ་ཁྲིད་ནན་དུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞན་ཆ་དང་སྐྱོན་ཆ་སེལ་བ། ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ལ་རྒྱུན་མཐུད་ཤུགས་རྒྱག་པ་དང་ཏང་ལ་དོ་དམ་ནན་པོ་དང་ཏང་ནན་སྐྱོང་གི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ། ཕན་འབྲས་དངོས་ལ་བརྟེན་ནས་དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བརྟན་པོ་བྱེད་དགོས།