དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2022-04-18

     ◆ བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱས་ཏེ་སྒྲིག་གཞིའི་འགན་ནུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། ལས་ཁུངས་ཀྱི་འགན་ནུས་འགྱུར་མགྱོགས་སུ་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་ལས་ཁུངས་སྒྲིག་གཞིའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། 

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་ཞིང་། ཁོང་གིས་ལས་ཁུངས་སྒྲིག་གཞིའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ལས་ཀའི་ཞན་ཆ་སེལ་བ། ལས་ཁུངས་ཀྱི་འགན་ནུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། ལས་ཁུངས་ཀྱི་འགན་ནུས་འགྱུར་མགྱོགས་སུ་གཏོང་བ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་ལས་ཁུངས་སྒྲིག་གཞིའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་དང་། ལའེ་ཅའོ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ལྟེ་གནས་དང་། ལྷ་ས་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན། རང་སྐྱོང་ལྗོངས་གྲངས་གཞི་ཆེ་མོའི་འཕེལ་རྒྱས་དོ་དམ་ཅུས་སོགས་འཛུགས་རྒྱུའི་སྐོར་གྱི་ཡིག་ཆར་ཞིབ་འཇུག་དང་། འབྲེལ་ཡོད་ལས་ཁུངས་སྒྲིག་གཞིའི་དོན་གནད་ལ་གྲོས་ཞིབ་གནང་བ་མ་ཟད། འབྲེལ་ཡོད་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་ཁུངས་སྒྲིག་གཞིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དང་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་མ་ཟད། ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་འཐབ་ཇུས་ཀྱི་ངེས་གནས་དང་། དམིགས་ཚད་ཀྱི་ཁ་ཕྱོགས། གཞི་རྩའི་རྩ་དོན། ལས་འགན་གཙོ་བོ། ལག་ལེན་བླང་བྱ་བཅས་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་ནས་དུས་རབས་གསར་པའི་ལས་ཁུངས་སྒྲིག་གཞིའི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། བློ་བརྟན་འགྱུར་མེད་ངང་ལས་ཁུངས་སྒྲིག་གཞིའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་ལས་ཀའི་སྤྱི་ཡོངས་ལ་གཅིག་འདོམས་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་སྤྱི་ཡོངས་ནས་རང་ལྗོངས་ཀྱི་སྒྲིག་གཞིའི་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་བཏང་སྟེ“སྲུང་སྐྱོང་གཉིས”ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་དོན་འཁྱོལ་དང་། ཉམས་མྱོང་ལ་ཕྱོགས་སྡོམ་དང་གྲུབ་འབྲས་བརྟན་དུ་བཏང་སྟེ་ཏང་གིས་བོད་དུ་སྲིད་འཛིན་པའི་རྨང་གཞི་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས།

    ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཞབས་འདེགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་བཙུགས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལ་གོ་བ་གཏིང་ཟབ་ལེན་པ་དང་། “དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ལས་ཁུངས་སྒྲིག་གཞིའི་ཞབས་འདེགས་འགན་ལེན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། ལས་ཞུགས་སོགས་ཀྱི་སྒྲིག་གཞི་སྤྱོད་པའི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས་སྒྲིག་གཞིའི་སྟོབས་ཤུགས་སྤྱི་འདོམས་ཀྱིས་དམངས་འཚོའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས།

    དོ་དམ་གསར་གཏོད་མཐའ་འཁྱོངས་བྱས་ཏེ་སྒྲིག་གཞིའི་ཐོན་ཁུངས་བེད་སྤྱོད་རྒྱ་སྐྱེད་དང་སྤྱི་འདོམས་ཧུར་ཐག་བྱེད་དགོས། “སྤྱི་འབོར་ཚོད་འཛིན་ནན་པོ་དང་། སྤྱི་འདོམས་བེད་སྤྱོད། ཉུང་འཕྲི་འཕར་སྣོན། འགུལ་རྣམ་དོ་སྙོམས། གཙོ་གནད་འགན་ལེན། ཞབས་འདེགས་གོང་འཕེལ”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་། རང་ལྗོངས་ཀྱི་སྒྲིག་གཞིའི་ཐོན་ཁུངས་ཀྱི་གྲུབ་ཆའི་རང་བཞིན་གྱི་ཞན་ཆའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་དང་དོ་དམ་བྱེད་སྟངས་གསར་པ་གསར་གཏོད་བྱས་ནས་ལས་ཁུངས་སྒྲིག་གཞིའི་ཐོན་ཁུངས་བེད་སྤྱོད་བྱེད་པའི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྒྲིག་གཞིའི་བྱ་བ་རྩ་དོན་ལྟར་བསྒྲུབས་ཏེ། སྒྲིག་གཞིའི་ཐོན་ཁུངས་ས་ཁུལ་ལས་བརྒལ་བ་དང་། སྡེ་ཚན་ལས་བརྒལ་བ། རིམ་པ་ལས་བརྒལ་བ་བཅས་སྤྱི་འདོམས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་གཞིའི་འགུལ་རྣམ་ལེགས་སྒྲིག་ལ་ཤུགས་སྣོན་རྒྱག་པ། སྒྲིག་གཞིའི་ཐོན་ཁུངས་ལུགས་མཐུན་ངང་ལེགས་སྒྲིག་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཚད་ཡོད་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཕན་ནུས་སྔར་ལས་ཆེ་རུ་གཏོང་དགོས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་མངོན་གསལ་དོད་པོས་བཙུགས་ཏེ། ཤང་དང་གྲོང་རྡལ་གྱི་སྲིད་འཛིན་སྒྲིག་གཞི་དང་བྱ་གཞག་སྒྲིག་གཞིའི་རིགས་དབྱེ་དོ་དམ་དང་སྤྱི་འདོམས་བེད་སྤྱོད་བྱེད་སྟངས་འཚོལ་ཞིབ་བྱེད་པ་དང་། ཐོན་ཁུངས་སྡེབ་སྒྲིག་བྱས་པ་བརྒྱུད་ཚོགས་པའི་དགེ་མཚན་བཏོན་ནས་སྒྱུར་བཅོས་ཀྱི་སྤྱི་ཡོངས་ཀྱི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས། ཚན་རྩལ་ཐོན་སྐྱེད་ནུས་ཤུགས་ལ་ཕྱོགས་པའི་འདུ་ཤེས་བཙུགས་ཏེ། སྔོན་ཐོན་གྱི་ཉམས་མྱོང་དཔྱད་གཞིར་འཛིན་མཁས་པོ་བྱེད་པ་དང་། ཚན་རིག་ལག་རྩལ་བེད་སྤྱོད་བྱེད་རྒྱུར་རྟེན་པ། ལས་ཆོད་ཆེ་རུ་གཏོང་བ་བཅས་བྱས་ནས། ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་མངོན་འགྱུར་ཡོང་བར་བྱེད་དགོས།

    མཐུན་སྦྱོར་ངང་ཕན་འབྲས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྲིག་གཞིའི་འགན་ནུས་སྒྱུར་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་གསར་གཏོད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ཏང་སྲིད་སྡེ་ཚན་ཁག་གི་འགན་ནུས་ལེགས་སྒྲིག་དང་ལེགས་སུ་བཏང་ནས། ས་གནས་ཁག་དང་སྡེ་ཚན་ཁག་གི་རང་འགན་གཙང་སྒྲུབ་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། ཕུགས་ཀྱི་འདུ་ཤེས་བཙུགས་ནས་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། རང་ལྗོངས་ཀྱི་དོན་དངོས་ལ་གཞིགས་ཏེ་སྒྲིག་གཞི་སྒྱུར་བཅོས་དང་འབྲེལ་བ་ཡོད་པའི་རྨང་གཞིའི་རང་བཞིན་དང་སྔ་བལྟས་རང་བཞིན་གྱི་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་དང་ཇུས་གཞི་གྲབས་གསོག་ཡག་པོ་བྱེད་དགོས། འགན་འཁྲིར་དོ་དམ་ཞིབ་ཕྲ་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་། དཔྱད་དཔོག་དང་ཕན་འབྲས་འདྲི་བར་སྒྲིག་འཛུགས་ནན་ཏན་བྱེད་པ། འགན་ནུས་བཀོད་སྒྲིག་ལེགས་སྒྲིག་དང་ལེགས་སུ་གཏོང་བ། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། སྒྲིག་གཞི་སྒྱུར་བཅོས་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

    བཅའ་ཁྲིམས་ལྟར་སྒྲིག་གཞི་སྤྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་ཁུངས་སྒྲིག་གཞིའི་ལས་དོན་ཁྲིམས་བཀོད་ཅན་དང་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་དགོས། ལས་ཁུངས་སྒྲིག་གཞིའི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་ལས་ཁུངས་སྒྲིག་གཞིའི་དོ་དམ་ལ་འགྱུར་མེད་འཆུན་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་ལས་ཀར་སྐུལ་འདེད་གཏོང་བའི་འདུ་ཤེས་དང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྔོན་འགོག་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་འབྱུང་རྩ་ནས་བཀག་འགོག་ནུས་ལྡན་བྱས་ནས། ལས་ཁུངས་སྒྲིག་གཞིའི་ཁྲིམས་སྲོལ་ལམ་ལུགས་ཀྱི་དབང་གྲགས་རང་བཞིན་དང་གཟབ་ནན་རང་བཞིན་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

    རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཉམས་སད་ཐེག་པའི་སྤྱོད་ཚུལ་ལ་བརྟེན་ནས་ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་ལས་ཁུངས་སྒྲིག་གཞིའི་སྡེ་ཚན་གྱིས་ཆབ་སྲིད་ཀྱི་ཐད་ནས་ལས་ཁུངས་སྒྲིག་གཞིའི་ལས་དོན་ལ་ཞིབ་འཇུག་དང་། ཇུས་འགོད། སྐུལ་འདེད་གཏོང་མཁས་པོ་བཅས་བྱས་ནས། ལམ་ལུགས་འགན་ལེན་གནད་ལ་འཁེལ་བ་དང་ནུས་པ་འདོན་སྤེལ་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ། ལས་ཁུངས་སྒྲིག་གཞིའི་ལས་དོན་ཡག་པོ་སྒྲུབ་པའི་ལས་འགན་སྒྲུབ་སེམས་དང་། འགན་འཁྲི་འཁུར་སེམས། དགོས་གཏུགས་ཀྱི་སེམས་པ་བཅས་ཆེ་རུ་གཏོང་བ་དང་། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། ལས་ཀ་བྱེད་སྟངས་དང་བྱེད་ཐབས་སྒྱུར་བ་བཅས་བྱས་ནས། རང་ལྗོངས་ཀྱི་ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།