དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་2022ལོའི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-14

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་2022ལོའི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་ལག་བསྟར་བྱས་པ་མ་ཟད། ལས་དོན་ལག་བསྟར་དོན་འཁྱོལ་ཐད་ཞིབ་འཇུག་ཀྱང་བྱས་པ་རེད།

    ཀྲོང་ཡན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྤྱི་འདོམས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་གནང་ནས་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ནས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཏན་ཏིག་དང་བདེ་འཇགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ལ་དམ་པོར་དམིགས་ཏེ་སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་བྱས་ནས་བརྟག་ཞིབ་གྲོས་མོལ་གཏིང་ཟབ་དང་སྲིད་ཇུས་དྲིལ་བསྒྲགས་སོགས་ཀྱི་ལས་དོན་མང་ཙམ་བསྒྲུབས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཧུར་ཐག་ཞུ་དགོས། བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་ལས་ཁུངས་ཀྱི་ལས་བྱེད་ལས་བཟོའི་སློབ་གསོ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་དམ་འཛིན་ཞིབ་ཕྲ་དང་ཕན་འབྲས་ཐོན་པར་དམ་འཛིན་བྱེད་དགོས།

    ཀྲོང་ཡན་གྱིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཨུ་ཡོན། སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྐྲུན་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་ཐད་བློ་གྲོས་ཀྱི་ཐབས་འདོན་པ་དང་། གོ་ཆོད་པའི་ཇུས་འདོན་པ། སྐུལ་འདེད་ཀྱི་ནུས་པ་འདོན་པ་བཅས་བྱས་ཏེ། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་ལྷག་བསམ་རྣམ་དག་ངང“གཏན་འཁེལ་གཉིས”ལ་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། རྒྱལ་ཁབ་ཀྱི་ས་ཆ་སྔོ་སྒྱུར་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བའི་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་དང་། བསམ་པའི་རིན་ཐང་། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་བྱ་སྤྱོད་ནང་ཞུགས་པར་སྣེ་ཁྲིད་བྱས་ནས་མི་ཚང་མས་སྔོ་ལྗང་ལ་གཅེས་པ་དང་། སྔོ་ལྗང་འདེབས་པ། སྔོ་ལྗང་ལ་སྲུང་སྐྱོང་བཅས་ཀྱི་ཤེས་དཔལ་དར་སྲོལ་གཏོད་དགོས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་བྱ་རྒྱུར་དམ་པོར་དམིགས་པ་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་གི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ཏེ་ཐབས་ཇུས་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་སེམས་ནུས་ཡོད་རྒུ་གཅིག་སྒྲིལ་བྱེད་དགོས།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བཞུགས་མོལ་ཚོགས་ཆུང་འཛུགས་རྒྱུའི་ཇུས་གཞི་དང་། ལས་ཁུངས་ཏང་ཙུའུ་དང་ཆེད་དོན་ཨུ་ལྷན་གྱི་ཡན་ལག་ཏང་ཙུའུ་འཛུགས་རྒྱུའི་དགོངས་སྐོར་སྙན་སེང་གི་གནད་དོན་གལ་ཆེན་ལ་གྲོས་ཞིབ་བྱས་པ་དང་འབྲེལ་རྩ་དོན་ཐོག་གྲོས་འཆམ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།