དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་དང་ཡན་ཅིན་ཧའེ་ཡིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་གཅིག་སྡུད་ཐོག་བརྡ་ཁྱབ་བཏང་བའི་དཔེ་མཚོན་གྱོད་དཔེར་འཕྲལ་མར་མཆན་བཀོད་མཛུབ་སྟོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-11

    ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། དག་ཐེར་གྱི་བླང་བྱ། འགན་འཁྲི་བདའ་འདེད་བཅས་ནན་དུ་བཏང་སྟེ་དཔེ་མཚོན་གྱོད་དཔེའི་བརྡ་ཁྱབ་གནད་དོན་དག་ཐེར་དོན་འཁྱོལ་གནད་སྨིན་ཡོང་བའི་འགན་ལེན་བྱེད་དགོས།

    ཟླ་4ཚེས་6ཉིན། རེས་སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་དྲུག་པས་གཅིག་སྡུད་ཐོག་བརྡ་ཁྱབ་བཏང་བའི་དཔེ་མཚོན་གྱོད་དཔེའི་ནང“བོད་ལྗོངས་ཆབ་མདོའི་ཨར་འདམ་རྣམ་གྲངས་དེ་ཞིབ་མཆན་འགོད་སྐབས་ལས་ཆེ་བ་བསྐྲུན་ནས་སྐྱེ་ཁམས་གཏོར་སྐྱོན་གནད་དོན་མངོན་གསལ་དོད་པའི”གྱོད་དཔེ་དམར་རྗེན་དུ་བཏོན་ཡོད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་དཔེ་མཚོན་གྱོད་དཔེའི་དག་ཐེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་བཏང་རྗེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚད་མཐོའི་མཐོང་ཆེན་གནང་ནས་འཕྲལ་མར་མཆན་བཀོད་མཛུབ་སྟོན་གནང་སྟེ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་བརྡ་ཁྱབ་བཏང་བའི་དཔེ་མཚོན་གྱོད་དཔེ་དངོས་ཐོག་བདེན་འཚོལ་དང་། གནད་ལ་འཁེལ་བ། རྣག་ཐོག་གཙག་འཁེལ་བཅས་ཡོད་པས་དོན་སྙིང་ཧ་ཅང་ཟབ་མོ་ལྡན་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། སྐྱེ་ཁམས་སྲུང་སྐྱོང་བྱེད་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ས་མཐོའི་སྐྱེ་ཁམས་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས། བསླབ་བྱ་དང་ལེན་གཏིང་ཟབ་བྱས་ནས་དཔྱད་གཞིར་བཟུང་བ་དང་། དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་བཏང་བའི་གནད་དོན་དག་ཐེར་བྱེད་པའི་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། འགོ་ཁྲིད་བློ་མཐུན་གཙོ་བོ་སྐུ་ངོ་མས་དངོས་སུ་འགན་འཁུར་དང་ལས་ཡུལ་ལ་དངོས་སུ་སྒྲུབ་སྐུལ་བྱས་ཏེ་བརྡ་ཁྱབ་བཏང་བའི་གནད་དོན་ལ་ཞིབ་བཤེར་ནན་པོ་དང་འཕྲལ་མར་བཅོས་སྒྲིག་དང་། མངོན་མེད་རྐྱེན་ངན་ཟུར་བལྟས་ལེབ་མཐོང་གིས་གནད་དོན་ཕྱོགས་ཡོངས་ནས་དག་ཐེར་མཐར་ཕྱིན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། དག་ཐེར་གྱི་བླང་བྱ། འགན་འཁྲི་བདའ་འདེད་བཅས་ནན་དུ་བཏང་ནས་ལྟ་བཤེར་ལྕག་སྐུལ་དང་དག་ཐེར་སྒུལ་ཤུགས་སུ་བྱས་ཏེ་གནད་དོན་དག་ཐེར་དོན་འཁྱོལ་གནད་སྨིན་ཡོང་བའི་འགན་ལེན་བྱས་ནས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཀྱང་མཆན་བཀོད་མཛུབ་སྟོན་གནང་ཞིང་། ཁོང་གིས་ཆབ་མདོའི་ཨར་འདམ་རྣམ་གྲངས་ཀྱི་དཔེ་མཚོན་གྱོད་དཔེ་ལས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པ་སོགས་ཐད་ད་དུང་གནད་དོན་མི་ཉུང་བ་ཞིག་གནས་པ་དམར་རྗེན་དུ་མངོན་པས་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གི་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་ནས། ཟུར་བལྟས་ལེབ་མཐོང་དང་། ཉེན་ཟོན་གཏིང་ཟབ། ཞིབ་བསྡུར་སྐྱོན་བཤེར་བཅས་བྱས་ཏེ་གྱོད་དཔེ་དཔྱད་གཞིར་འཛིན་པ་དང་གྱོད་དཔེར་གཞིགས་ནས་དག་ཐེར་ལ་སྐུལ་འདེད་གཏོང་དགོས། ཆབ་མདོ་གྲོང་ཁྱེར་གྱིས་དག་ཐེར་གྱི་ཇུས་གཞི་ཞིབ་འཇུག་དང་གཏན་འབེབས་བྱ་རྒྱུར་དམ་འཛིན་གང་མགྱོགས་བྱས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་ངེས་པར་དུ་དག་ཐེར་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ཟླ་4ཚེས་6ཉིན་གྱི་ཕྱི་དྲོར་ཆབ་མདོ་གྲོང་ཁྱེར་གྱིས་འཕྲལ་དུ་གྲོང་ཁྱེར་ཡོངས་ཀྱི་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་བཏང་བའི་གནད་དོན་དག་ཐེར་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། བརྡ་ཁྱབ་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་། རང་སྐྱོན་རང་བརྟག་གཏིང་ཟབ། ཆེད་དོན་ཞིབ་འཇུག་བཀོད་སྒྲིག་བཅས་བྱས་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་བཏོན་པའི་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་བཏང་བའི་གནད་དོན་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། དག་ཐེར་ལས་དོན་ལམ་སྲོལ་བཙུགས་པ། དག་ཐེར་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་པ། ཆེད་མི་བཀོད་སྒྲིག་གིས་ས་གནས་ས་ཐོག་ཏུ་བསྡད་དེ་དག་ཐེར་ལས་དོན་བསྒྲུབ་རྒྱུར་དམིགས་ནས་བརྡ་ཁྱབ་བཏང་བའི་གནད་དོན་དག་ཐེར་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། མིག་སྔར“འགན་འཁྲིའི་ལམ་ལུགས་དང་། གསལ་ཐོའི་ལམ་ལུགས། དུས་བཀག་ལམ་ལུགས་བཅས་ཟུང་དུ་འབྲེལ་བའི”ལམ་སྲོལ་འཁོར་རྒྱུག་ནུས་ལྡན་ཡོང་བ་བྱས་ནས་དུས་ཚོད་དམ་འཛིན་དང་དག་ཐེར་ཐད་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་སྟེ་བརྡ་ཁྱབ་བཏང་བའི་གནད་དོན་དག་ཐེར་གྱི་ལས་དོན་ཕྱོགས་ཡོངས་དང་ནུས་ལྡན་ངང་སྤེལ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།