དབུ་ཤོག>སྲིད་དོན།
  • ཁྲོན་བོད་གཞུང་ལམ་G318ཀྱི་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་རྣམ་གྲངས(བོད་ལྗོངས་དུམ་བུ)ཀྱི་2022ལོ་འཁོར་གྱི་འགན་གཙང་འགན་ལེན་ཆེད་དོན་མཐུན་སྦྱོར་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-09

    ཚེས་6ཉིན་གྱི་ཕྱི་དྲོ། ཁྲོན་བོད་གཞུང་ལམ་G318ཀྱི་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་རྣམ་གྲངས(བོད་ལྗོངས་དུམ་བུ)ཀྱི་2022ལོ་འཁོར་གྱི་འགན་གཙང་འགན་ལེན་མཐུན་སྦྱོར་ཆེད་དོན་ཚོགས་འདུའི་ཐོག་རྣམ་གྲངས་ལ་སྐུལ་སྤེལ་གཏོང་བའི་སྐོར་གྱི་སྙན་སེང་གསན་པ་དང་སྦྲགས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཞུགས་པ་དང་སྦྲགས་གསུང་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཁྲོན་བོད་གཞུང་ལམ་G318ནི་རང་ལྗོངས་དང་ནང་སའི་ཞིང་ཆེན་ཁག་དབར་འབྲེལ་གཏུག་བྱེད་པའི་ལམ་ཐིག་གལ་ཆེན་ཞིག་དང་ཁྲོན་བོད་བགྲོད་ལམ་ཆེ་མོའི་གྲུབ་ཆ་གཙོ་བོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལ་དམིགས་ནས་གཙོ་ཆེའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཁག་ཅིག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མཐུན་སྒྲིལ་ལམ་ཐིག་དང་བདེ་སྐྱིད་ལམ་བུ་དེ་བས་མང་བ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གསུངས་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཙོ་འཛིན་གྱི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ཐོག རྒྱལ་ཁབ་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་སྐྲུན་པ་དང་། ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ཀྱི་མཐོ་ཚད་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་ཁྲོན་བོད་གཞུང་ལམ་G318ཀྱི་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་རྣམ་གྲངས(བོད་ལྗོངས་དུམ་བུ)ཀྱི་གཙོ་ཆེའི་དངོས་ཡོད་ཀྱི་དོན་སྙིང་དང་གཏིང་ཟབ་ལ་རྒྱང་རིང་གི་ལོ་རྒྱུས་ཀྱི་དོན་སྙིང་ངོས་འཛིན་གཏིང་ཟབ་བྱས་ཏེ། ཁྲོན་བོད་གཞུང་ལམ་G318ཀྱི་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་རྣམ་གྲངས(བོད་ལྗོངས་དུམ་བུ)འཛུགས་སྐྲུན་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཟབ་ཏུ་ཏན་ཏིག་གཏོང་བ་དང་ཚད་གཞི་མཐོ་བ་དང་། ལས་ཕྱོད་ཆེ་བ། སྤུས་ཚད་ལེགས་པ་བཅས་ཀྱི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔོན་གཏན་འཁེལ་བའི་བཀོད་སྒྲིག་ལྟར་འཁྲི་འགན་རང་འཁུར་དང་རང་ནུས་གང་ཡོད་བཏོན་ནས་སྔ་སྣུར་དུ་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ། ཁྲོན་བོད་གཞུང་ལམ་G318ཀྱི་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་རྣམ་གྲངས(བོད་ལྗོངས་དུམ་བུ)འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པ་དང་། དུས་འགོའི་ལས་དོན་གྱི་འཕེལ་རིམ་དང་། དུས་འགོའི་འགྲོ་ལུགས་སྒྲུབ་གཉེར། རྣམ་གྲངས་འཛུགས་སྐྲུན་གྱི་མ་དངུལ་གྲབས་གསོག་སོགས་ཀྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས། ལམ་ཐིག་ཧྲིལ་པོའི་ལས་ཚུགས་ཆ་རྐྱེན་སྔ་ཙམ་འཛོམས་པར་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ལས་འགོ་འཛུགས་པ་དང་། འཛུགས་སྐྲུན་ལ་འགོག་རྐྱེན་བཟོ་བའི་ཞིབ་ཕྲའི་གནད་དོན་དང་དཀའ་ངལ་ལ་དམིགས་ཏེ་གནད་དོན་གྱི་གསལ་ཐོ་བཟོ་བ་དང་། འགན་འཁྲིའི་བྱེད་པོ་ཁ་གསལ། ཆེད་མི་བཀོད་སྒྲིག་བྱས་ནས་འགན་འཁྲི་འཁུར་བ་བཅས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་གྱི་འགལ་རྐྱེན་མཐའ་དག་སེལ་དགོས། དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་འགན་འཁྲི་འཁུར་སེམས་ཟབ་ཏུ་གཏོང་བ་དང་། དམིགས་ཚད་དང་ལས་འགན་ཞིབ་ཕྲ་བཟོ་བ། སྐུལ་སྤེལ་གཏོང་སྟངས་དང་འགན་འཁུར་བ་ཁ་གསལ་བཟོ་བ། དུས་ཚོད་ཀྱི་རེའུ་མིག་དང་ལམ་རིས་བཟོ་བ། ལས་ཡུན་ལྡོག་རྩིས་རྒྱག་པ་སོགས་བྱས་ནས་རྣམ་གྲངས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྟ་སྐུལ་དང་ཚོད་འཛིན་ལ་དམིགས་ནས་སྤུས་ལེགས་ནུས་ཆེའི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཁྲོན་བོད་གཞུང་ལམ་G318ཀྱི་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་རྣམ་གྲངས(བོད་ལྗོངས་དུམ་བུ)དེ་ལྗང་མདོག་ལས་གྲྭ་དང་། དུས་བདེའི་ལས་གྲྭ སྤྱོད་གཙང་ལས་གྲྭ རྩེར་སོན་ལས་གྲྭ དམངས་ཕྱུག་ལས་གྲྭ་བཅས་སུ་འགྱུར་རྒྱུའི་འགན་ལེན་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།