དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་འབྲེལ་གཏུག་ས་ཚིགས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-08

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཟླ་3ཚེས་31ནས་ཟླ་4ཚེས་4ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་དང་། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུའེ་ཏུང་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བར་ཕེབས་ནས། ཡིད་འོང་ཇ་ར་དང་སྤྲིན་པ་གྲོང་ཚོར་ཕེབས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། འབྲེལ་གཏུག་ས་ཚིགས་བྲག་ཡིབ་ཆུས་ཀྱི་ལས་དོན་སྙན་སེང་གསན་པ་མ་ཟད་ས་གནས་ས་ཐོག་ཏུ་གནས་ཚུལ་ལ་གཟིགས་ཞིབ་ཀྱང་གནང་བ་རེད།

    ཝང་ཝུའེ་ཏུང་གིས་བྲག་ཡིབ་ཆུས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མཐའ་ཚད་ཀྱི་བསམ་གཞིག་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས། སྔ་ཙམ་ནས་དམ་འཛིན་དང་ཆུང་ས་ནས་དམ་འཛིན་བྱ་རྒྱུར་སྣང་ཆེན་དང་ལྷག་པར་དུ་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་འབྱུང་རྩ་ནས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་སློབ་གསོ་དང་མེ་ཁུངས་དོ་དམ་ཚོད་འཛིན་ལ་དམ་འཛིན་ནན་པོ་བྱས་ཏེ་ཉེན་ཁའི་མངོན་མེད་རྐྱེན་ངན་དང་གནད་དོན་དང་འགལ་ཟླ་ཆུང་ས་ནས་སེལ་དགོས། བོད་སྐྱོར་གྱི་ཐོན་ཁུངས་གང་ལེགས་སྤྱད་དེ་རྣམ་གྲངས་འཛུགས་སྐྲུན་ལ་མཐུན་སྦྱོར་ངང་དམ་འཛིན་ཡག་པོ་བྱེད་དགོས་ལ། སྔོན་ཐོན་གྱི་འདུ་ཤེས་དང་བསམ་ཕྱོགས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་དེ་བས་སྣང་ཆེན་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་ཧུར་ཐག་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་ཕྱོགས་བསྡུས་ངང་བེད་སྤྱོད་ཡག་པོ་བྱས་ཏེ་སྐྱེ་ཁམས་ཀྱི་ཡོང་འབབ་ཡོང་བ་བྱེད་དགོས། ཆབ་སྲིད་ཐད་ནས་མཐའ་སྟོབས་ཀྱི་ལས་དོན་ལ་བརྩི་མཐོང་བྱས་ཏེ་ཞབས་ཞུའི་འགན་ལེན་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།