ལྗོངས་ཡོངས་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་གྱི་བཀོད་སྒྲིག་ལྟར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་ཕྱོགས་བསྡུས་ཁྲུའུ་གཉིས་པའི་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་ཤིང་། དྭངས་གསལ་དུས་ཚིགས་ཉིན་ཀྲི་པུའི་ཏང་ཡོན་ཚོ་དང་མཉམ་དུ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན། གསར་བརྗེའི་ཁྲག་རྒྱུན་རྗེས་མཐུད། གསར་བརྗེའི་ངར་ཤུགས་སློང་བ་བཅས་བྱས་པ་དང་ཆབས་ཅིག་ད་དུང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་བའི་ཐད་བཞུགས་མོལ་ཡང་གནང་བ་རེད།
དྭངས་གསལ་དུས་ཚིགས་སླར་ཡང་འཆར། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ། སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ། ཀྲོང་ཡན་དང་ཏང་ཀྲི་པུའི་ཏང་ཡོན་ཚོ་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ཕེབས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་རུ་སྟར་བསྒྲིགས་ཤིང་གུས་སྟབས་ཀྱིས་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་དང་སྦྲགས་མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་དཔའ་བོ་རྣམ་པར་ངག་བསྡམས་ནས་གུས་འདུད་ཞུས་རྗེས་ཚང་མ་རིམ་བཞིན་ག་ལེར་མདུན་དུ་ཕེབས་ནས་སྔོན་གཤེགས་དཔའ་བོ་རྣམ་པར་མེ་ཏོག་སི་ར་དང་མེ་ཏོག་སོས་པ་ཕུལ་བ་དང་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་ཞལ་མཇལ་བྱས་ཏེ་མྱ་ངན་ཞུས་པ་རེད། དེ་རྗེས། ཀྲི་པུའི་ཏང་ཡོན་ཡོངས་ཀྱིས་ཏང་དར་ལ་ཕྱོགས་བཞིན་ལག་པ་གཡས་པ་བཀྱགས་ནས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་པ་མ་ཟད། ཆེད་མངགས་ཁུང་ཧྥན་སེན་སོགས་སྔོན་གཤེགས་དཔའ་བོའི་བང་སོའི་མདུན་དུ་བསྐྱོད་དེ་མེ་ཏོག་སོས་པ་དང་ཁ་བཏགས་ཕུལ། སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་སྐབས། ཀྲོང་ཡན་དང་ཀྲི་པུའི་ཏང་ཡོན་ཚོས་འགྲེལ་བཤད་ལ་ནན་ཏན་གསན་པ་རེད།
ཆེད་དོན་བཞུགས་མོལ་ཚོགས་འདུའི་ཐོག ཀྲི་པུའི་ཏང་ཡོན་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས། “ཞིབ་བཤེར་བཞི་དང་འདྲི་རྟོགས་བཞི”དང“དོན་འཁྱོལ་བརྒྱད”ཀྱི་བླང་བྱར་དམིགས་པ་དང་། ལས་གནས་ཀྱི་འགན་འཁྲིར་གཞི་ཚུགས་ཏེ“སྤྱོད་ཚུལ་ལ་ཇི་ལྟར་ལྟ་བ་དང་། ལས་དོན་ཇི་ལྟར་སྒྲུབ་པའི”སྐོར་ལ་བགྲོ་གླེང་བྱས་པ་རེད། ཀྲོང་ཡན་གྱིས་སློབ་སྦྱོང་མྱོང་ཚོར་མཉམ་སྤྱོད་གནང་བ་དང་ཆབས་ཅིག “ལམ་གཉིས”ཀྱི་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་དར་སྤེལ་བཏང་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ཐད་ཚང་མ་དང་མཉམ་དུ་འབད་འབུངས་བྱ་རྒྱུའི་བླང་བྱ་ཁག་བཞི་བཏོན་གནང་བ་སྟེ། གཅིག་ནས་ཚུགས་གནས་མཐོ་རུ་གཏོང་དགོས་པ་སྟེ། སྤྱོད་ཚུལ་ལེགས་གཏོང་དང་། དོན་འཁྱོལ་ལ་དམ་འཛིན། བོད་ཀྱི་ལས་དོན་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་དཔྱིས་ཕྱིན་པ་བླངས་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་ལྟར། རང་རྟོགས་ངང་ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པའི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་ངོས་འཛིན་བྱེད་དགོས་པ་མ་ཟད། རང་རྟོགས་ངང་སྤྱི་ཡོངས་ཀྱི་བསམ་ཕྱོགས་ཐད་ནས་གནད་དོན་ལ་བསམ་གཞིག་དང་ལས་དོན་སྤེལ་དགོས། གཉིས་ནས་བསམ་ཞིབ་གཏིང་ཟབ་བྱེད་དགོས་པ་སྟེ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཡག་པོ་བྱེད་པ་དང་། རང་གཟབ་ཆུང་ཟོན་དང་རང་བརྟག་ཡང་ཡང་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། རིགས་དབྱེ་ནས་གནད་སྨིན་ཇུས་འདོན་བཅས་བྱས་ཏེ། སྲིད་དོན་བརྩོན་སྐྱོང་དང་སྲིད་དོན་གཙང་སྐྱོང་ཕན་ཚུན་སྐུལ་འདེད་དང་ལས་སྒྲུབ་དང་སྤྱོད་གཙང་ཕན་ཚུན་གཞོགས་འདེགས་ཡོང་བར་བྱེད་དགོས། གསུམ་ནས་དངོས་སྒྲུབ་དག་ཐེར་བྱེད་དགོས་པ་སྟེ། དམ་པ་དོན་གཉེར་མཐའ་འཁྱོངས་བྱས་ནས་རྩོད་སྒྲུབ་ཀྱི་བསམ་གཞིག་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། གནད་དོན་ཐག་གཅོད་བྱེད་པའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ། འཕྲལ་སྒྲུབ་འཕྲལ་བཅོས་དང་དམ་འཛིན་དངོས་སྒྲུབ་དང་ཤེས་སྦྱོར་གཅིག་མཐུན་ཡོང་བ་བཅས་བྱས་ཏེ། ནན་ཏན་དང་། ཞིབ་ཕྲ། གཏིང་ཟབ། ཏན་ཏིག་བཅས་ཀྱི་སྤྱོད་ཚུལ་ཐོག་ནས་དག་ཐེར་ལས་དོན་དོན་ཐོག་ཏུ་འཁྱོལ་ཏེ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། བཞི་ནས་གོང་དཔེ་འོག་སྟོན་བྱེད་དགོས་པ་སྟེ། “དཔེ་སྟོན་དྲུག”དང་ལྟ་བསྡུར་བྱས་ཐོག“འགག་རྩའི་ཉུང་ཤས”ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་དང་ལས་སྒོའི་རྐང་འཛིན་གྱི་བརྒྱུད་རོགས་ཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མཐུན་སྒྲིལ་འབད་འབུངས་དང་བདེན་འཚོལ་ཡར་བརྩོན་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“ཞབས་ཞུ་གསུམ”གྱི་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།