དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-06

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། 2022ལོའི་རང་སྐྱོང་ལྗོངས་ས་གནས་ཀྱི་སྔོན་རྩིས་ནང་གི་གཞི་རྩའི་འཛུགས་སྐྲུན་གྱི་མ་འཇོག་འཛུགས་སྐྲུན་འཆར་འགོད་དང་། རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། སློབ་གསོའི་བྱ་གཞག་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་འཆར་འགོད་ལ་ཞིབ་འཇུག་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ཁབ་ཀྱི་མ་འཇོག་གཏོང་ཕྱོགས་དང་རང་སྐྱོང་ལྗོངས་ཀྱི་ལས་དོན་གྱི་གཙོ་གནད་གཞིར་བཟུང་འདི་ལོའི་མ་འཇོག་འཆར་གཞི་དེ་རང་སྐྱོང་ལྗོངས་ཀྱི་གསར་དུ་ལས་འགོ་བཙུགས་པའི་གཙོ་གནད་རྣམ་གྲངས་དང་། སྐྲུན་བཞིན་པ་དང་མཇུག་བསྡུའི་རྣམ་གྲངས། རྒྱལ་ཁབ་མ་འཇོག་རྣམ་གྲངས་ཀྱི་ལེ་ལག་དང་དེ་བཞིན་མ་འཇལ་སྐྱེད་སྤྲོད། རྣམ་གྲངས་ཀྱི་དུས་འགོའི་བློ་འདྲིའི་ཚོད་སྐོར་གྲོན་དངུལ་སོགས་ཕྱོགས་བཞིའི་ཐད་སྤྱོད་རྒྱུ་རེད།

    ཚོགས་འདུའི་ཐོག་བསྟན་དོན། རྒན་གསོ་ནི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་རེད། མིག་སྔར་ལྗོངས་ཡོངས་སུ་དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་80ཡོད་པ་དང་། འདོད་མོས་ཡོད་པའི་དམིགས་བསལ་དཀའ་ངལ་ཡོད་མཁན་གཅིག་སྡུད་བསྙེན་བཀུར་བྱེད་ཚད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། འོན་ཀྱང་ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོ་སོགས་ཀྱི་ཞབས་ཞུ་འགོ་འཛུགས་འགོར་བ་དང་སྲིད་ཇུས་ཀྱི་མ་ལག་འཐུས་སྒོ་ཚང་པོ་མེད་པའི་གནད་དོན་སྔར་བཞིན་གནས་ཡོད། གོམ་སྟབས་རྗེས་མར་སྨན་བཅོས་དང་རྒན་གསོ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་ནུས་རྒན་གསོའི་ཞབས་ཞུ་འཚོལ་ཞིབ་བྱེད་པ། རྒན་གསོའི་ཞབས་ཞུའི་ལྟ་འདོམས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒན་གསོའི་ཞབས་ཞུ་ཚད་ལྡན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་འཛུགས་པ་བཅས་བྱས་ཏེ། བོད་འདི་ཉིད་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་བསྟར་བའི་གདོང་ལེན་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འཐབ་ཇུས་ལག་ལེན་བསྟར་བའི་ཚད་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་མིག་དཔེ། ལྗང་མདོག་ཐཱན་ཉུང་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་མ་དཔེ་བཅས་སུ་འགྱུར་གང་ཐུབ་བྱེད་དགོས།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བར་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། དགེ་རྒན་གྱི་སྟོབས་ཤུགས་གསོ་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་པའི་མི་དམངས་མང་ཚོགས་ཀྱི་སློབ་གསོའི་རེ་སྒུག་ལ་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཆུད་པར་བྱས་ནས་བཀོད་སྒྲིག་ལེགས་སུ་བཏང་སྟེ་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་པ་དེ་བས་མང་བ་དང་དེ་བས་དྲང་གཞག་ཐོབ་པར་སྐུལ་འདེད་གཏོང་དགོས། ཚན་རིག་དང་ལུགས་མཐུན་ངང་ཆེད་ལས་བཀོད་སྒྲིག་བྱས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོའི་འཚམ་མཐུན་རང་བཞིན་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།