དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ལྗོངས་མི་དམངས་སྲིད་གཞུང་ཏང་ ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-05

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དང་། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《བསྡོམས་རྩིས་ལྟ་སྐུལ་འགན་ནུས་ཀྱི་ནུས་པ་འདོན་སྤེལ་སྔར་བས་ནུས་ལྡན་བྱ་རྒྱུའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་གསུངས་དོན། མི་དམངས་ཀྱི་ཚེ་སྲོག་ནི་ཐམས་ཅད་ལས་ལྷག་པ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་དང་། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་བཏོན་པའི“དམ་ནན་གྱི་བྱེད་ཐབས་དང་དམ་ནན་གྱི་བླང་བྱ་ཁག་བཅོ་ལྔ”དོན་འཁྱོལ་ནན་ཏན། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཏན་ཏིག་ཁྱབ་པ་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་དང་དམར་ཐིག་བརྟན་པོར་སྲུང་དགོས། “ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”དང“ལས་རིགས་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་དང་། ལས་སྒོར་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ། ཐོན་སྐྱེད་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བཅས་བྱེད་དགོས་པའི”བླང་བྱ་གཞིར་བཟུང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་རྐྱེན་མ་བྱུང་གོང་ནས་བཟློག་པ་དང་རྐྱེན་མ་བྱུང་གོང་དང་ཆུང་ས་ནས་དམ་འཛིན་མཐའ་འཁྱོངས་བྱས་ནས“སྔོན་འགོག”གི་ཞིབ་ཆར་དམ་འཛིན་ཡག་པོ་བྱེད་དགོས། འཕྲལ་སྡོམ་རོགས་སྐྱོབ་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་མའི་འགོག་སྲུང་འཛིང་རགས་ལ་བརྩིས་ནས་འཕྲལ་སྡོམ་འཕྲལ་རྐྱེན་གྱི་ནུས་པ་ཆེ་རུ་གཏོང་བ་དང་། གྲ་སྒྲིག་བྱས་ནས་བེད་སྤྱོད་གཏོང་དགོས་མ་བྱུང་ཡང་བེད་སྤྱོད་གཏོང་དགོས་པའི་སྐབས་སུ་གྲ་སྒྲིག་མེད་པ་གཏན་ནས་མ་བྱས་པར་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་ཡག་པོ་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་གསུངས་དོན། བསྡོམས་རྩིས་ལྟ་སྐུལ་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་དང་སྲིད་གཞུང་གི་བསྡོམས་རྩིས་ལས་དོན་གྱི་གཞི་རྩའི་འགན་ནུས་ཤིག་རེད། 《བསྡོམས་རྩིས་ལྟ་སྐུལ་འགན་ནུས་དེ་བས་ནུས་ལྡན་འདོན་རྒྱུའི་སྐོར་གྱི་བསམ་འཆར》སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། བསྡོམས་རྩིས་ལྟ་སྐུལ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། བསྡོམས་རྩིས་ལྟ་སྐུལ་ལ་རྒྱབ་སྐྱོར་བྱེད་པར་མཐོང་ཆེན། རང་རྟོགས་ངང་བསྡོམས་རྩིས་ལྟ་སྐུལ་དང་ལེན་བཅས་བྱས་ནས་བསྡོམས་རྩིས་ལྟ་སྐུལ་གྱི་འགན་ནུས་གང་ལེགས་འདོན་དགོས། ལས་འགན་དང་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱིས་བྱེད་པོའི་འགན་འཁྲི་ཆེ་རུ་གཏོང་བ་དང་། གཙོ་གནད་བྱ་ཐབས་ལ་ཞིབ་བསྡུར་བྱེད་པ། ལས་ཀའི་ལས་འགན་ཞིབ་ཕྲ་བཟོ་བ། འགན་འཁྲིའི་ཚན་པ་དང་། འགན་འཁུར་མི་སྣ། ལེགས་སྒྲུབ་དུས་བཅད་ཁ་གསལ་བཟོ་བ་བཅས་བྱས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་སྡེ་ཚན་ཁག་གིས་གཞོགས་འདེགས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་ལྟ་སྐུལ་གྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་བསྡོམས་རྩིས་འགན་ནུས་ཀྱི་འགན་འཁྲིའི་ནང་བཙུགས་པའི་སྒྲིག་གཞིས་རང་འགུལ་ངང་ལས་འགན་དང་བྱ་ཐབས་ངོས་འཛིན་རྩིས་ལེན་བྱེད་པར་ལྟ་སྐུལ་བྱེད་དགོས། ལྟ་སྐུལ་གྱི་ཕན་འབྲས་གནད་འཁེལ་ཡོང་བར་བྱས་ཏེ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”དགོས་མཁོར་དམིགས་ནས། བསྡོམས་རྩིས་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་གདེང་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་གནས་དེ་གའི་གྲངས་གཞིའི་མཛོད་གཙོ་གནད་དུ་ཡག་པོ་འཛུགས་པ། བསྡོམས་རྩིས་གྲངས་གཞིའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཐབས་ཇུས་འགོད་པར་སྤུས་ཚད་མཐོ་བའི་བསྡོམས་རྩིས་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་གནང་བ།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།