དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་མངའ་རིས་སུ་གཞི་རིམ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལས་དོན་ལ་སྣེ་ཁྲིད་བྱེད་པར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-05

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲོང་ཡན་གྱིས་མངའ་རིས་ས་ཁུལ་དུ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལས་དོན་ལ་སྣེ་ཁྲིད་བྱེད་པར་བརྟག་ཞིབ་གནང་བ་རེད།

    སེང་གེ་ཁ་འབབ་གྲོང་རྡལ་གཙང་པོ་སྡེ་ཁུལ་གྲོང་ལྷན་དུ་ཀྲོང་ཡན་གྱིས་གྲོང་མི་ཨུ་ལྷན་གྱིས་མི་རིགས་ཁག་གི་གྲོང་མི་སྒྲིག་འཛུགས་དང་སྣེ་ཁྲིད་བྱས་ཏེ“ཞི་མཐུན་དང་། བདེ་སྐྱིད། དུས་བདེ”བཅས་ཀྱི་དམིགས་ཚད་ལ་དམིཌ་ནས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ”དང“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དཔེ་སྟོན་སྡེ་ཁུལ”གཏོད་རྒྱུ་བརྩོན་ལེན་བྱེད་པའི་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་བ་རེད།  ཁོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་བྱེད་པ་ནི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཆབ་སྲིད་ཀྱི་ལེགས་ཆ་ཆེ་ཤོས་ཡིན་པས་གཞི་རིམ་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་ཆབ་སྲིད་ལེགས་ཆ་དེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་ཀའི་ལེགས་ཆར་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

    སྒར་རྫོང་སྤྱི་བདེ་ཅུས་གཙང་འགྲམ་ལམ་མངགས་གཏོང་ཁང་དང་རིག་གནས་ལམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་ཀྲོང་ཡན་གྱིས་ཏང་འཛུགས་སྐྱོང་ལས་དོན་དང་། ཁོངས་གཏོགས་ཁུལ་གྱི་བདེ་འཇགས། ཞབས་ཞུ་དོ་དམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་བ་དང་སྦྲགས། མི་དམངས་ཉེན་རྟོག་པའི་འཚོ་བ་འགན་ལེན་དང་ཉེ་འགྲམ་ཚོང་ཁང་གི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ་དང་། རང་སྐྱོང་གིས་རྨང་གཞི་བྱེད་པ། ཁྲིམས་སྐྱོང་གིས་འགན་ལེན་བྱེད་པ། སྤྱོད་སྐྱོང་གིས་འདེགས་སྐྱོར་བཅས་བྱས་ནས་གཞི་རིམ་རྩ་འཛུགས་ཀྱི་ལེགས་ཆ་དང“གཉིས་ལྡན་དུད་སྦྲེལ”དང“དཔུང་རྟགས་དམར་པོའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གནད་དོན་མཉམ་དུ་བཅོས་སྒྲིག་དང་། ལས་དོན་མཉམ་དུ་སྤེལ་བ། དུས་བདེ་མཉམ་དུ་གཏོད་པ་བཅས་གཏིང་ཟབ་ཏུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་ཅིག་ཆགས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    གཞི་རིམ་ལ་དམ་འཛིན་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་བརྟན་པོ་བཙུགས་ནས་མང་ཚོགས་ལམ་ཕྱོགས་དང་ཁྲིམས་སྐྱོང་བྱེད་སྟངས་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཉེན་དོན་ལས་དོན་དེ་གཞི་རིམ་ཏང་འཛུགས་སྐྱོང་གི་དྲ་མིག་ནས་སྤྱི་ཚོགས་བཅོས་སྐྱོང་གི་མཐའ་སྣེར་སྣུར་བསྲིང་བྱས་ཏེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཉེན་བརྡ་རྒྱུན་གཏོང་དང་། དོགས་ཟོན་རྒྱུན་འཁྱོངས། སྤྱོད་ཚུལ་ལེགས་གཏོང་། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་ཁག་དོན་འཁྱོལ་མཐར་ཕྱིན་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བརྟག་ཞིབ་གནང་རིང་ཀྲོང་ཡན་ད་དུང་ཆེད་མངགས་སེང་གེ་ཁ་འབབ་དབུས་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོང་རྣམ་གྲངས་ས་ཚིགས་སོགས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།