དབུ་ཤོག>སྲིད་དོན།
  • ལིའུ་ཅང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བརྙན་ལམ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-02

     ཉེ་ཆར། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ནས་ཟླ་བ་གསུམ་པའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཕྱོགས་སྡོམ་དང་། མིག་སྔའི་དུས་བབ་ལ་དབྱེ་ཞིབ། སླད་ཕྱིན་གྱི་དུས་མཚམས་ཤིག་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལིའུ་ཅང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་སེམས་ཆེ་རུ་ཏན་ཏིག་བཏང་སྟེ། ཆབ་སྲིད་དང་འཐབ་ཇུས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཆ་རྐྱེན་གང་ཡང་མི་འདོན་པར་ནུས་ཤུགས་ཡོད་རྒུས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ནང་ཞུགས་དགོས། འགན་འཁྲི་འཁུར་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་ལ་བབ་བརླིང་ངང་དབྱེ་ཞིབ་དང་སྟངས་འཛིན་བྱེད་པ་དང་། བསམ་གཞིག་ཆེན་པོ་སྤྱད་དེ་དོན་དག་ཆུང་ངུར་ཁ་གཏད་གཅོག་རྒྱུ་མཐའ་འཁྱོངས་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་འཆར་འགོད་དང་བཀོད་སྒྲིག་ནན་ཏན་བྱེད་པ་བཅས་བྱས་ནས་སྔོན་འགོག་དང་ཚོད་འཛིན་ལ་ཁུག་ཆ་མི་ལུས་པ་དང་། དོ་དམ་ཚོད་འཛིན་ལ་སྟོང་ཆ་མི་ལུས་པ། དོན་འཁྱོལ་འཕྱུགས་མེད་བཅས་བྱེད་དགོས། འཇོན་ཐང་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པ། དཀའ་ངལ་ལ་མ་འཛེམས་པར་མདུན་དུ་སྐྱོད་ཕོད་པ། ཞུམ་མེད་ཀྱི་བྱ་སྤྱོད་སྤེལ་ཕོད་པ། དགྲ་བཏུལ་གཡུལ་རྒྱལ་བྱེད་པ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་སྤྱི་ཚོགས་ཀྱི་སྤྱི་་ཡོངས་བརྟན་ལྷིང་འགན་ལེན་བྱེད་པའི་འགན་འཁྲི་དང་ལས་འགན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ད་དུང་ཉེ་དུས་ཀྱི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།