དབུ་ཤོག>སྲིད་དོན།
  • འགན་འཁྲི་ཤེས་པ་དང་། འགན་འཁྲི་འཁུར་བ། འགན་འཁྲི་སྒྲུབ་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-02

    ཟླ་3ཚེས་31ཉིན། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ཚོགས་ཞུགས་མི་སྣས་ཡར་བཞེངས་ནས“3·21”ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་MU5735རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུའི་ལས་འཛོལ་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད། ཚོགས་འདུ་གྲོལ་རྗེས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཁྲེན་ཡུང་ཆི་དང་། རེན་ཝུའེ། ལྕགས་རྭ་བློ་བཟང་བསྟན་འཛིན། རྡོ་རྗེ་ཚེ་སྒྲུབ། མོང་ཞའོ་ལིན། ཝང་ཡུང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཡན་ཅིན་ཧའེ་ཡིས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐོག་མཐའ་བར་གསུམ་དུ“བདེ་འཇགས་ལ་དོན་ཆུང་མེད་པ་དང་འགན་འཁྲི་གནམ་ལས་ཆེ་བ”བློ་ལ་བརྟན་པོར་ངེས་པ་དང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་ཏན་ཏིག་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་འགན་འཁུར་གྱི་འདུ་ཤེས་དང་། ཉེན་ཁའི་འདུ་ཤེས། མཐའ་ཚད་ཀྱི་འདུ་ཤེས་བཅས་སྔར་ལས་ཆེ་རུ་གཏོང་བ་དང་། ཚད་མཐོའི་ཉེན་ཟོན་དང་། རྐྱེན་ཆུང་དུས་ནས་སེལ་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་ལས་དོན་གཙོ་གནད་ལས་རིགས་ཁྱབ་ཁོངས་སུ་གཅིག་སྡུད་དང་། འགན་འཁྲི་གཞི་རིམ་ཚན་པ་ཆུང་ཤོས་སུ་དོན་འཁྱོལ། རེ་རེ་བཞིན་གྲལ་བཤེར་གཏིང་ཟབ། རེ་རེ་བཞིན་དོན་འཁྱོལ་དག་ཐེར་བཅས་བྱས་ནས་ལས་འཛོལ་སྣ་ཚོགས་ཐོན་པར་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་ལྷག་པར་དུ་འགྲུལ་སྐྱེལ་གནམ་གྲུའི་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཚད་གཞི་མཐོ་ཤོས་དང་བླང་བྱ་ནན་ཤོས་ཀྱི་སྒོ་ནས་བདེ་འཇགས་འགན་ལེན་གྱི་བྱེད་ཐབས་དོན་འཁྱོལ་བྱེད་དགོས་ཞེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། གཅིག་ནས་འདུ་ཤེས་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་སྟེ་ཆབ་སྲིད་ཀྱི་ཚུགས་གནས་དེ་བས་མཐོ་བའི་ཐོག་ནས་དམར་ཐིག་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཉེན་ཟོན་སློབ་གསོ་ཁྱབ་གདལ་གཏོང་བའི་དམར་ཐིག་གི་འདུ་ཤེས་དེ་བས་ཟབ་ཏུ་གཏོང་བ། ལས་ཀའི་ཚད་གཞི་སྔར་བས་མཐོ་བའི་སྒོ་ནས་དམར་ཐིག་གི་འདུ་ཤེས་ལག་བསྟར་བཅས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། གཉིས་ནས་འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་བཏང་སྟེ“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”དང“ངེས་པར་དུ་གསུམ”གྱི་འགན་འཁྲིའི་འབྲེལ་ཐག་ནན་དུ་བཏང་སྟེ《བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས》དང་འབྲེལ་ཡོད་སྒྲིག་སྲོལ་ལམ་ལུགས་ལ་ཞིབ་བསྡུར་བྱེད་པ་དང་། རིམ་པ་དང་རིགས་དབྱེ་ནས་འགན་འཁྲིའི་གསལ་ཐོ་དང་འགན་འཁྲི་བདའ་འདེད་ཀྱི་བླང་བྱ་ཁ་གསལ་བཟོ་བ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས“དྲིས་ན་ངེས་པར་དུ་མིར་འདྲི་བ་དང་། མིར་དྲིས་ན་ངེས་པར་དུ་འགན་འཁྲི་བདའ་འདེད་གཏོང་བ། འགན་འཁྲི་བདའ་འདེད་མཐར་ཕྱིན་པ་གཏོང་བ”བཅས་བྱེད་དགོས། གསུམ་ནས་བཅོས་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་ཀྱི“འགག་སྒྲོལ་དམག་འཐབ”ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་པ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་ཆེན་པོ་ནན་ཏན་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་ཀྱི་བདེ་འཇགས་གྲལ་བཤེར་བཅོས་སྒྲིག་དང་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་ཉེན་ཁ་གཅིག་སྡུད་བཅོས་སྒྲིག་སོགས་ལ་དམ་འཛིན་ཡག་པོ་བྱེད་དགོས། བཞི་ནས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི་ཞིབ་ཕྲའི་ཇུས་གཞི་དང་བྱ་སྤྱོད་འཆར་གཞི་ཞིབ་འཇུག་བྱས་ནས་བཟོས་ཏེ་ཁྲིམས་འཛིན་ཞིབ་བཤེར་གྱི“ལྷུག་ལྷོད་འཇམ”གསུམ་གྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། ལྔ་ནས་འཕྲལ་སྡོམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་འཕྲལ་སྡོམ་ལས་རེས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། ཉེན་ཁ་གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་དང་ཉེན་ཟོན་ཉེན་བརྡ་གཏོང་བའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ལས་རིགས་སྡེ་ཚན་གྱི་ཆེད་དོན་འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན། དམག་གྲབས་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་གྲ་སྒྲིག་བཅས་བྱེད་དགོས། དྲུག་ནས་སྤྱོད་ཚུལ་ཕྱོགས་ཡོངས་ནས་ལེགས་སུ་བཏང་སྟེ་ལས་དོན་མཐའ་དག་ནན་པོ་དང་། ཞིབ་ཕྲ། ཏན་ཏིག ལེགས་བརྩོན་བཅས་མཐའ་འཁྱོངས་ཀྱིས་གནད་དོན་གཅིག་ཀྱང་མི་ལྷག་པ་དང་། དག་ཐེར་ཐད་བཟོད་སྒོམ་གཏན་ནས་མི་བྱེད་པ། ཐག་གཅོད་ཐད་ཐར་པར་གཏན་ནས་མི་གཏོང་བ་བཅས་ཡོང་བར་བྱས་ཏེ་ཆུ་ཚད་མཐོ་བའི་བདེ་འཇགས་ཞབས་ཞུར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།