དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་འགན་གཙང་འགན་ལེན་རྣམ་གྲངས་ཀྱི་2022ལོ་འཁོར་གྱི་ཆེད་དོན་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2022-04-01

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་འགན་གཙང་འགན་ལེན་རྣམ་གྲངས་ཀྱི་2022ལོ་འཁོར་གྱི་ཆེད་དོན་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས་འགན་གཙང་འགན་ལེན་རྣམ་གྲངས་ཀྱི་འབྲེལ་ཡོད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་རྣམ་གྲངས་དེ་ལྗོངས་ཡོངས་ཀྱི་རྣམ་གྲངས་གལ་ཆེན་འགན་གཙང་འགན་ལེན་གྱི་སྐུལ་སྤེལ་ལས་དོན་གྱི་ལམ་སྲོལ་ནང་བཅུག་པ་ནི། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་སྔར་བས་བརྟན་དུ་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་བསྐྲུན་པའི་བྱ་ཐབས་གལ་ཆེན་ཞིག་རེད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འགན་གཙང་འགན་ལེན་རྣམ་གྲངས་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་བ་དང་། བླང་བྱ་ཁ་གསལ་བཏོན་གནང་བ་མ་ཟད། རྟག་ཏུ་ཕན་འབྲས་བཀའ་འདྲི་གནང་གི་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ཏང་ཨུད་ཀྱི་ལས་དོན་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་ཧ་ཅང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་པ་བཅས་བྱས་ཏེ། ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་གི་འགན་གཙང་འགན་ལེན་རྣམ་གྲངས་ཀྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་དགོས་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། བྱེད་པོའི་འགན་འཁྲི་དང་། གཏོགས་ཁོངས་ཀྱི་འགན་འཁྲི། ལྟ་སྐུལ་གྱི་འགན་འཁྲི་ནན་ཏན་སྒྲུབ་པ། རང་འགན་རང་འཁུར་དང་རང་འགན་གཙང་སྒྲུབ་བྱེད་པ། མཐུན་སྦྱོར་དམ་ཟབ་དང་མཉམ་ཤུགས་ཆགས་པར་བྱེད་པ། ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་གི་འགན་གཙང་འགན་ལེན་རྣམ་གྲངས་འདི་ཉིད་སྤུས་ལེགས་ལས་གྲྭ་དང་། བདེ་འཇགས་ལས་གྲྭ ལྗང་མདོག་ལས་གྲྭ དམངས་ཕན་ལས་གྲྭ སྤྱོད་གཙང་ལས་གྲྭ་བཅས་ལ་བསྐྲུན་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་བྱས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།