དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་ཁྲོན་བོད་ལྕགས་ལམ་འཛུཌ་སྐྲུན་འགན་གཙང་འགན་ལེན་གྱི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-01

    ◆ ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་ཏེ་ཞབས་ཞུ་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་དམ་པ་དོན་གཉེར་གྱི་སྙིང་སྟོབས་ཐོག་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་འགན་གཙང་འགན་ལེན་གྱི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་2022ལོ་འཁོར་གྱི་འགན་ལེན་ལས་དོན་གྱི་གཙོ་གནད་དང་དམིགས་ཚད་ལས་འགན་ལ་ཞིབ་འཇུག་གྲོས་བསྡུར་དང་། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བའི་འབྲེལ་ཡོད་གཙོ་གནད་ལས་དོན་བཀོད་སྒྲིག་གནང་ཞིང་། ཁོང་གིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་ཏེ་ལྗོངས་ཡོངས་ཀྱི་རྣམ་གྲངས་གལ་ཆེན་འགན་ལེན་དང་སྐུལ་འདེད་ཀྱི་ལས་ཀའི་ལམ་སྲོལ་གྱི་བླང་བྱ་ལྟར་ཞབས་ཞུ་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་དམ་པ་དོན་གཉེར་གྱི་སྙིང་སྟོབས་ཐོག་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

    ཁྲེན་ཡུང་ཆི་དང་། ཟླ་བ་ཚེ་རིང་། ཀྲང་ཧུང་པོ་བཅས་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཉིང་ཁྲི་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་གྱི་འགན་འཁུར་བས་འགན་གཙང་འགན་ལེན་ལས་དོན་གྱི་གཙོ་གནད་དང་། ལས་གྲྭ་གཙོ་བོ་འཛུགས་སྐྲུན། ལེ་ལག་སྒྲིག་བཀོད་ཀྱི་འཕེལ་རིམ་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་པ་ནི་ཀྲུང་གོ་བ་མི་རབས་མང་པོའི་ཕུགས་འདུན་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་མཛུབ་སྟོན་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན། སྒུལ་ཤུགས་ཆེན་པོ་བསྣན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་སྣང་ཆེན་གྱིས་ལས་གྲྭ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་དང་ཞབས་འདེགས་ཞུ་དགོས། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་དང་རྩེར་སོན་གཏོད་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས་ཁྲོན་བོད་ལྕགས་ལམ་ཚན་རིག་དང་མཐུན་པ་དང་བདེ་འཇགས་ལྡན་པའི་ངང་སྐྲུན་པའི་འགན་ལེན་བྱས་པས་འགོ་ཡག་པོ་ཞིག་འཛུགས་ཐུབ་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་རང་རྟོགས་ངང་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་ལས་དོན་ཁག་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་འཆར་འགོད་དང་སྐུལ་འདེད་བཏང་སྟེ་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ། ལས་ཡུལ་གྱི་བདེ་འཇགས་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལྕགས་ལམ་གྱིས་རྒྱལ་ཇུས་དམངས་འཚོར་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་བྱེད་པར་བྱས་རྗེས་དེ་བས་ཆེ་བ་འཇོག་པ་བཅས་བྱས་ཏེ། འགོ་འཛུགས་ས་མཐོ་པོ་དང་། ཚད་གཞི་མཐོ་པོ། སྤུས་ཚད་མཐོ་པོ་བཅས་ཀྱི་སྒོ་ནས་མཐུན་སྒྲིལ་གྱི་ལམ་བུ་དང་བདེ་སྐྱིད་ཀྱི་ལམ་བུ་ཡིན་པའི་ཁྲོན་བོད་ལྕགས་ལམ་འདི་ཉིད་འཛུགས་སྐྲུན་ཡག་པོ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལམ་རྒྱུད་ཀྱི་འཕེལ་རྒྱས་ལ་དམིགས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་ལྕགས་ལམ་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་ལྷོད་མེད་བྱས་ཏེ་ལམ་རྒྱུད་ས་ཁུལ་གྱི་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། ལམ་རྒྱུད་གྲོང་ཁྱེར་དང་གྲོང་རྡལ་གྱི་ངེས་གནས་དང་། ཐོན་ལས་ཀྱི་བཀོད་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་སྔོན་ཚུད་ནས་ཇུས་འགོད་དང་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པ་དང་། ལམ་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤུས་ཚད་དང་རིམ་པ་མཐོར་གཏོང་དང་། ཐོན་ལས་འཕེལ་རྒྱས་ཕྱོགས་སྒྱུར་དང་ཕན་འབྲས་ཆེར་གཏོང་། མང་ཚོགས་ཀྱི་འཚོ་བ་རྒྱུན་མཐུད་ལེགས་གཏོང་བཅས་ལ་སྐུལ་འདེད་མྱུར་པོ་གཏོང་བ། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསར་གཏོད་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལྕགས་ལམ་དང་ས་གནས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ་མང་ཚོགས་ལས་ཞུགས་གཞན་སྒྱུར་བྱེད་པའི་ཡིད་དབང་ཧུར་ཐག་འགུགས་པ་དང་། སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ལ་ཁྲིད་སྟོན་བྱེད་པ། འཛུགས་སྐྲུན་གཉེར་སྐྱོང་གི་ཤེས་ལྡན་པ་གསོ་སྐྱོང་བྱེད་པ། དམངས་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ་དཔེ་སྟོན་ལས་གྲྭ་གཏོད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དམིགས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་ནན་པོ་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཨར་སྐྲུན་བྱེད་ཐབས་དང་བཟོ་སྐྲུན་ལག་རྩལ་སྔོན་ལ་འདེམས་སྤྱོད་བྱེད་པ། སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཆུ་ཚད་མཐོ་པོར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་དང་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཆུ་ཚད་དེ་བས་མཐོ་བའི་སྲུང་སྐྱོང་མངོན་འགྱུར་ཡོང་བ་བཅས་བྱས་ཏེ་ལྗང་མདོག་ལས་གྲྭ་གཏོད་དགོས། རྣམ་གྲངས་དོ་དམ་ལ་དམིགས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། བྱ་ཐབས་གསར་པ་འཚོལ་ཞིབ་བཅས་བྱེད་པ་དང་། གཙོ་རྒྱུའི་ཞབས་འདེགས་དང་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ཚད་ལྡན་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྤྱི་ཡོངས་ཀྱི་ཨར་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་སྤུས་ལེགས་ལས་གྲྭ་གཏོད་དགོས། ཉེན་ཁ་དོ་དམ་དང་ཚོད་འཛིན་ལ་དམིགས་ཏེ་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ། ས་གཤིས་དང་། ལས་གྲྭ ཁོར་ཡུག་སོགས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། མེ་ཟོན་དང་། འབྲུབ་འགོག གནོད་འཚེ་སྔོན་འགོག་སོགས་ཀྱི་འཕྲལ་སྡོམ་དོ་དམ་ཡག་པོ་བྱེད་པ། ལས་གྲྭའི་བདེ་འཇགས་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བདེ་འཇགས་ལས་གྲྭ་གཏོད་དགོས། ལག་རྩལ་གྱི་ཁྲིད་སྟོན་ལ་དམིགས་ཏེ་ཚན་རྩལ་གསར་གཏོད་ཀྱི་འགག་རྩའི་རང་བཞིན་གྱི་ནུས་པ་འདོན་པ་དང་། ལས་གྲྭ་འཛུགས་སྐྲུན་དང་འབྲེལ་བ་ཡོད་པའི་བློ་འདྲིའི་ལས་དོན་ཞིབ་ཚགས་ངང་ཡག་པོ་སྒྲུབ་པ། ཚན་ཞིབ་གྲུབ་འབྲས་ས་ཆ་དེ་རང་དང་ཐག་ཉེ་སར་གཞན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་གཏོད་ལྟེ་གནས(བོད་ལྗོངས)ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་གསར་གཏོད་ཀྱི་ལས་གྲྭ་གཏོད་དགོས། ལྟ་འདོམས་དང་ཚོད་འཛིན་ལ་དམིགས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལས་གྲྭ་འཛུགས་སྐྲུན་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱོད་གཙང་ལས་གྲྭ་གཏོད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྕགས་ལམ་དང་ས་གནས་ཕྱོགས་གཉིས་པོས་རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་ལས་ཤུགས་ཆེན་དང་ཕྱར་བ་གྲུ་འདེགས་བྱས་ཏེ་ཁྲོན་བོད་ལྕགས་ལམ་བདེ་བླག་ངང་སྐྲུན་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་གཏོང་དགོས། འབྲེལ་ཡོད་གྲོང་ཁྱེར་དང་། རྫོང་། སྡེ་ཚན་བཅས་ཀྱི་འགོ་ཁྲིད་བློ་མཐུན་གཙོ་བོས་འགན་ལེན་གྱི་འགན་འཁྲིའི་ལམ་ལུགས་ལས་དོན་གྱི་བླང་བྱ་ལྟར། རང་འགུལ་ངང་ཞབས་འདེགས་ཞུ་བ་དང་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་འཛུགས་སྐྲུན་བྱེད་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བྱེད་དགོས། འཛུགས་སྐྲུན་གྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། ལས་གྲྭ་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པའི་གཙོ་རྒྱུ་སྣ་ཚོགས་ཕྱོགས་ཡོངས་ནས་བཀོད་སྒྲིག་ཡག་པོ་བྱེད་པ། དྲིལ་བསྒྲགས་ཁྲིད་སྟོན་གཏིང་ཟབ་བཅས་བྱས་ནས་མི་ཚང་མས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ།“ལམ་གཉིས”ཀྱི་སྙིང་སྟོབས་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པ། དངོས་སྒྲུབ་ནུས་ཆེའི་སྒོ་ནས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།