དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གཙོ་གནད་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱས་པའི་སྐོར་གསན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-29

    ◆ བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གཙོ་གནད་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱས་པའི་སྐོར་གྱི་སྙན་སེང་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་ལྗོངས་ཡོངས་ཀྱིས“དོན་ཆེན་བཞི”དོན་འཁྱོལ་དང“ཁུལ་གསུམ་དང་མཐོ་ས་གཅིག”ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད། ཆེད་དོན་ཚོགས་ཆུང་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། འཕྲལ་མར་བྱ་སྤྱོད་སྤེལ་བ་དང་། ཇུས་འགོད་ཞིབ་ཚགས་བྱེད་པ། སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། ཚད་བཅད་ཆོག་པ་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་ལག་བསྟར་བསམ་འཆར་དང་ལས་དོན་གྱི་ཇུས་གཞི་བཟོས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་སྔར་བས་གསལ་ཐོ་ཅན་བཞིན་དོ་དམ་དང་། རྣམ་གྲངས་ཅན་བཞིན་དོན་འཁྱོལ། འདུ་འགོད་ཅན་བཞིན་སྐུལ་འདེད་བཅས་བཏང་བས་འགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་དང་། སྒྲིག་འཛུགས་ལག་བསྟར་ཞིབ་ཚགས། བསམ་ཕྱོགས་ཞིབ་ཅིང་ཕྲ་བ། འགན་འཁྲི་ཁ་གསལ་ལ་ཞིབ་ཚགས་པ། སྐུལ་འདེད་མྱུར་ལ་ནུས་པ་ལྡན་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་བཞིན་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བཀོད་སྒྲིག་ལ་སྣང་འཇོག་བྱེད་དགོས་ལ་དོན་འཁྱོལ་ལ་དེ་བས་སྣང་འཇོག་བྱེད་དགོས། ཆེད་དོན་ཚོགས་ཆུང་ཁག་དང་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱས་ནས། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་སྤྱོད་ཚུལ་ཐོག་ནས་ལས་འགན་ཁག་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།

    ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་དགོས་ཤིང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པ་དང“ཁུལ་གསུམ་དང་མཐོ་ས་གཅིག”གཏོད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་སྔར་བས་གཅིག་གྱུར་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། གཏོད་འཛུགས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་དགོས་ཤིང་། བརྟན་ཐོག་ཡར་འཕེལ་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས། སྔ་བར་ཕྱི་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་རྩ་བའི་ལངས་ཕྱོགས་སུ་བརྩི་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་རྩ་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་རྒྱུ་དེ་རྩ་བའི་ཚད་གཞིར་འཛིན་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་དེ་རྩ་བའི་སྔོན་འགྲོར་བརྩི་བ། ཏང་གི་འགོ་ཁྲིད་རྩ་བའི་འགན་ལེན་དུ་བརྩི་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པ། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་པ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་སྒྲུབ་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཧུར་སེམས་སྐོང་འཐེན་གང་ལེགས་བྱེད་པ་བཅས་བྱས་ནས།“དོན་ཆེན་བཞི”ཡག་པོ་སྒྲུབ་པ་དང“འགན་ལེན་བཞི”མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས།

    དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་དགོས་ཤིང་། དམིགས་ཚད་ལས་འགན་ལ་དམིགས་ནས་ལྷོད་གཡེང་མི་གཏོང་བར་འདུ་ཤེས་སྔར་བས་གསར་སྒྱུར་དང་བསམ་ཕྱོགས་གསར་གཏོད་ཀྱིས་ལས་འགན་དམིགས་ཚད་ཅན་དང་དམིགས་ཚད་རྣམ་གྲངས་ཅན་མཐའ་འཁྱོངས་བྱས་ཏེ། ལས་དོན་ཚང་མར་བཀོད་སྒྲིག་སྐུལ་འདེད་དང་། ཞིབ་ཕྲའི་མཛུབ་ཁྲིད། ལྟ་ཞིབ་ཚོད་སྐོར། ཚུར་ལན་ཕྱོགས་སྡོམ་བཅས་ཡོད་དགོས་པ་དང་། མི་སྣ་གཏན་འཁེལ་དང་། ལས་འགན་གཏན་འཁེལ། འགན་འཁྲི་གཏན་འཁེལ། དམིགས་ཚད་གཏན་འཁེལ། དུས་བཀག་གཏན་འཁེལ་བཅས་ཡོད་པ་བྱས་ནས་ལས་དོན་ཁག་དོན་འཁྱོལ་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་ཁག་བགོས་ལ་གཞིགས་ནས་དམིགས་ཚད་དང་ལས་འགན་གཏན་འཁེལ་ཡོང་བ་བྱས་ཏེ། རང་འཁྲིའི་ལས་དོན་དང་གཏོད་འཛུགས་ལས་དོན་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་དགོས།

    གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། རང་འགུལ་ངང་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་ཧུར་ཐག་བྱས་ནས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་གཏན་འཁེལ་བྱས་པའི་ལས་དོན་གལ་ཆེན་གྱི་བཀོད་སྒྲིག་ལ་དམིགས་ཏེ། ཉམས་ཞན་གྱི་ལྷུ་ཚིགས་དང་མངོན་གསལ་དོད་པའི་ཞན་ཆ་འཚོལ་ཞིབ་ཀྱིས་གསར་གཏོད་ཀྱི་བསམ་བློ་དང་། ཁྲིམས་སྐྱོང་གི་བསམ་གཞིག མཐའ་ཚད་ཀྱི་བསམ་གཞིག་བཅས་སྤྱོད་མཁས་པོ་བྱས་ཏེ། གནད་དོན་ཐག་གཅོད་བྱེད་རིང་བྱ་གཞག་ཁག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རིང་དཀའ་གནད་སེལ་གང་ཐུབ་བྱེད་དགོས།

    སྤྱི་འདོམས་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ལྗོངས་ཡོངས“བསམ་ཇུས་གཅིག”གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་གསར་གཏོད་དང་ས་ཁོངས་ཧྲིལ་པོའི་གསར་གཏོད་མཐའ་འཁྱོངས་བཅས་བྱས་ཏེ། ཆ་ཤས་དང་སྤྱི་ཡོངས་དང་། མིག་སྔ་དང་ཕུགས། གཙོ་གནད་དང་སྤྱིར་བཏང་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། ལས་དོན་གྱི་བརྒྱུད་རིམ་རང་བཞིན་དང་མཐུན་སྦྱོར་རང་བཞིན་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། “གཅིག་གྱུར་དང་ཁག་བགོས་ཟུང་འབྲེལ”མཐའ་འཁྱོངས་ཀྱིས་རྩོད་སྒྲུབ་བསམ་བློའི་ཐོག་ནས་སྤྱི་ཡོངས་ལ་དབྱེ་ཞིབ་དང་བརྒྱུད་རིམ་ལྡན་པའི་བྱེད་ཐབས་ཐོག་ནས་སྤྱི་ཡོངས་ལ་ཇུས་འགོད་བྱས་ཏེ། སྤྱི་ཡོངས་ཀྱི་ལས་འགན་ཁག་བགོས་བྱས་རྗེས་ཁེར་རྐྱང་དུ་འབད་པའི་སྣང་ཚུལ་མི་ཐོན་པ་བྱེད་དགོས་ལ། ཡུན་རིང་གི་དམིགས་ཚད་དུས་ཐུང་ཅན་དང་བརྒྱུད་རིམ་ལྡན་པའི་དམིགས་ཚད་ཐར་ཐོར་ཅན་དུ་མི་འགྱུར་སྔོན་འགོག་ཀྱང་བྱས་ཏེ། འགན་འཁྲི་ཁག་བགོས་གསལ་པོ་དང་སྟོབས་ཤུགས་གཅིག་སྒྲིལ་ཡོང་བ་བྱེད་དགོས། གཙོ་གནད་འགག་སྒྲོལ་མཐའ་འཁྱོངས་དང་། གཙོ་ཕལ་དབྱེ་འབྱེད་གསལ་པོ། འགག་རྩར་དམ་འཛིན་བཅས་བྱས་ཏེ་དཔེ་མཚོན་ལ་བརྟེན་ནས་ཁྱོན་ཡོངས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས། “མྱུར་དུ་སྒྲུབ་པ་དང་ཡག་པོ་སྒྲུབ་པའི”སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ། འགན་འཁྲིའི་འདུ་ཤེས་དང་ལས་སྒྲུབ་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་གིས་རང་ལ་གནོན་ཤུགས་སྤྲོད་པ། དུས་ཚོད་ཀྱིས་མི་མི་སྒུག་པ། བྱེད་ཐབས་ནུས་ལྡན་སྤྱོད་པ་བཅས་བྱས་ཏེ། རྣམ་གྲངས་རེ་རེ་བཞིན་དུ་སྐུལ་འདེད་གཏོང་བ་དང་། གནད་དོན་རེ་རེ་བཞིན་དུ་ཐོ་ཁུངས་ནས་བསུབ་པ། བྱ་བ་རེ་རེ་བཞིན་དུ་དོན་འཁྱོལ་བཅས་བྱས་ནས། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་སྤྱོད་ཚུལ་ལ་བརྟེན་ཏེ་ལས་དོན་ལ་་འཕེལ་རིམ་གསར་པ་ཟམ་མི་ཆད་པར་ཡོང་བའི་འགན་ལེན་བྱེད་དགོས།

    ལས་དོན་གྱི་འགན་འཁྲི་ནན་དུ་གཏོང་དགོས་ཤིང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས“འགན་གཙང་ལེན”གྱི་ལས་དོན་གྱི་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱས་ཏེ་སྔོན་ཚུད་ནས་བཀོད་འདོམས་དང་། དུས་ཐོག་ཏུ་བཀོད་གཏོང་། སྙན་སེང་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་པ་བཅས་བྱས་ཏེ། བྱ་བ་གལ་ཆེན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ཆེད་དོན་ཚོགས་ཆུང་ཁག་གིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཆ་འཕྲིན་མཉམ་སྤྱོད་དང་། གནས་ཚུལ་གྲོས་མོལ། ལས་དོན་སྙན་ཞུ་སོགས་འབྲེལ་ཡོད་ལས་དོན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལས་དོན་ཁག་ལ་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་དོན་གྱི་བྱ་ཐབས་ཞིབ་ཕྲ་བཟོ་བ་དང་། འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བཅས་བྱས་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པ་བྱེད་དགོས།

    སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་ཤིང་། “འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོ་གླེང་བའི”སྟོན་ཕྱོགས་གསལ་པོ་བརྟན་པོ་འཛུགས་པ་དང་། “སྣེ་གཉིས་ལ་དམ་འཛིན་གྱིས་ལྟེ་བ་སྐུལ་ཁྲིད”བྱས་ཏེ། ལས་རྗེས་མངོན་གསལ་དོད་པར་བརྡ་ཁྱབ་དང་གཟེངས་བསྟོད་བྱེད་པ་དང་། འགན་ནུས་སྒྲུབ་ཤུགས་མི་འདང་བར་འགན་འཁྲི་བདའ་འདེད་ནན་པོ་བཏང་ནས། སྒྲིག་ཁྲིམས་ནན་པོར་གཞིགས་ཏེ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ལས་ཀ་དོན་ཐོག་ཏུ་འཁྱོལ་བ་དང་མདུན་གྲལ་དུ་སྐྱོད་པའི་བྱ་སྤྱོད་ཀྱི་རང་རྟོགས་དང་ལས་ཀའི་རང་རྟོགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གཏོད་འཛུགས་ཀྱི་ལས་དོན་ཁག་ལ་ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོན་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།