དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་92པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-25

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་92པ་གཙོ་སྐྱོང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ནོར་བུ་དོན་གྲུབ་དང་། བསྟན་ཁོ། ཉི་མ་ཚེ་རིང་། ཅིས་གོ་ཀང་། མཱ་ཧྲེང་ཁྲང་། ཐང་མིང་དབྱིང་། དྲུང་ཆེ་ལིའུ་ཀོང་ཤུས་བཅས་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་2022ལོ་འཁོར་གྱི་ལས་དོན་གྱི་གཙོ་གནད་དང་། ཁྲིམས་འཛུགས་འཆར་གཞི། ལྟ་སྐུལ་ལས་དོན་གྱི་འཆར་གཞི། འཐུས་མིའི་ལས་དོན་གྱི་འཆར་གཞི་བཅས་ལ་ཞིབ་འཇུག་གནང་ནས་གྲོས་འཆམ་བྱུང་སྟེ། དག་བཅོས་ཡག་པོ་དང་འཐུས་སྒོ་ཇེ་ཚང་དུ་བཏང་རྗེས་པར་འགྲེམས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་དགུ་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་ལས་རིམ་བཀོད་སྒྲིག་ལ་ཞིབ་འཇུག་བྱས་པ་རེད། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་དགུ་པ་ཟླ་གསུམ་པའི་ཟླ་མཇུག་ཏུ་ལྷ་སར་འཚོག་རྒྱུའི་གཏན་འབེབས་བྱས་ཡོད། གྲོས་འགོའི་གྲོས་རིམ་ནང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་གཙོ་བོ་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱ་རྒྱུ་དང་། (པར་ངོས་བཞི་པར་གཟིགས) (པར་ངོས་དང་པོར་མཐུད) 《བོད་རང་སྐྱོང་ལྗོངས་ཀྱི་དུས་བདེ་གཏོད་པའི་སྲོལ་ཡིག(འཆར་ཟིན)》དང《བོད་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་ལས་རོགས་མི་སྣའི་དོ་དམ་སྲོལ་ཡིག(འཆར་ཟིན)》སོགས་ཀྱི་ཁྲིམས་སྲོལ་ལ་གྲོས་ཞིབ་བྱ་རྒྱུ། 《གཞིས་རྩེ་གྲོང་ཁྱེར་གྱི་ཡ་རབས་བྱ་སྤྱོད་ཀྱི་སྐུལ་འདེད་སྲོལ་ཡིག》དང《ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་བཀོད་པ་དང་ཁོར་ཡུག་སྲུང་སྐྱོང་དོ་དམ་སྲོལ་ཡིག》《ནག་ཆུ་གྲོང་ཁྱེར་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བའི་སྲོལ་ཡིག》བཅས་ལ་ཞིབ་བཤེར་བྱ་རྒྱུ། 《གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས(འཆར་ཟིན)》དང《ལོ་ལྔ་ཚན་བརྒྱད་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད(འཆར་ཟིན)》སོགས་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུའི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ། “བདུན་ལྔ”ཁྲིམས་ལུགས་ཁྱབ་གདལ་ལས་དོན་སྤེལ་ཚུལ་དང་2021ལོའི་ལོ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལེགས་གྲུབ་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། 2021ལོའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་དང་ཞིབ་བཤེར་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ལྷན་གྱི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། འཐུས་མི་ཁག་གཅིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་སྤྱི་བསྒྲགས(མ་ཟིན)ལ་གྲོས་ཞིབ་བྱ་རྒྱུ། མི་དོན་བསྐོ་འཐེན་གྱི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་སོགས་ཡིན་པ་རེད།

    ཚོགས་འདུའི་ཐོག་ད་དུང་འཐུས་མིའི་བསམ་འཆར་དང་གྲོས་འགོ་གཏན་འཁེལ་སྐོར་གྱི་གཙོ་གཉེར་སྡེ་ཚན་གྱི་གྲོས་འགོར་ཞིབ་འཇུག་བྱས་པ་དང་། 《2022ལོའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་སློབ་སྦྱོང་གསོ་སྦྱོང་ལས་དོན་གྱི་འཆར་གཞི(མ་ཟིན)》སྐོར་གྱི་གསལ་བཤད་གསན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།