དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་དང་ལའེ་ཅའོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་སྐོར་ཞིབ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་དང་པོ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2022-03-24

    ཚེས་21ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིཌ་སྐོར་ཞིབ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་དང་པོ་སློབ་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཝུའེ་ཏུང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལའེ་ཅའོ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་བྱེད་པར་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་སྣ་འདེམས་སྤྱོད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། རང་འགན་ཐེག་པ་འཁུར་ལེན་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཏང་འཛུགས་སྐྱོང་གི་འགན་འཁྲིའི་ལྟ་སྐུལ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། གནད་དོན་འཕྱུགས་མེད་ངང་ཤེས་རྟོགས་བྱེད་པ། ཆབ་སྲིད་ཀྱི་ཡོ་ཁྱད་ཡོ་བསྲང་བྱེད་པ་བཅས་བྱས་ནས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྐོར་གཟིགས་སྐོར་ཞིབ་ལས་བྱེད་པས་ཆབ་སྲིད་དང་ལས་སྒོའི་སློབ་སྦྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་དགོས། ཆབ་སྲིད་ཀྱི་བློ་རྒྱ་ལྡན་པ་དང་། ཆབ་སྲིད་ཀྱི་མིག་རྒྱང་ལྡན་པ། ཆབ་སྲིད་ཀྱི་བླང་བྱ་སྟངས་འཛིན་གནད་སྨིན་བྱེད་པ། ཆབ་སྲིད་ཀྱི་ངེས་གནས་བརྟན་སྲུང་བཅས་བྱེད་དགོས་པ་དང་། རྒྱུན་སྲིང་ལྷོད་མེད་ངང་ཆབ་སྲིད་ཀྱི་ཐོག་ནས་གནད་དོན་ཤེས་རྟོགས་དང་བརྡར་ཤ་གཅོད་པའི་འཇོན་ཐང་ཆེ་རུ་གཏོང་དགོས། “དཔེ་སྟོན་དྲུག”ཧུར་ཐག་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།