དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-23

    ◆ གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་བྱེད་མགྱོགས་སུ་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    ཉེ་ཆར་རང་སྐྱོང་ལྗོངས་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གིས་2022ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ལིའུ་ཅང་། དབང་ཧའེ་ཀྲོའུ། ཕུར་བུ་དོན་གྲུབ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ཀྲང་ཧུང་པོ་བཅས་དང་དེ་བཞིན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་དང་། 《གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་།《གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་གྱི་བྱ་སྤྱོད་འཆར་གཞི(2022ལོ་ནས་2025ལོ་བར)》《བོད་རང་སྐྱོང་ལྗོངས་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི(2022ལོ་ནས་2025ལོ་བར)》བཅས་དང་དེ་བཞིན་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་གྱི་འབྲེལ་ཡོད་སྒྲིག་སྲོལ་དང་དོ་དམ་བྱ་ཐབས་ལ་ཞིབ་འཇུག་དང་གྲོས་ཞིབ། འདི་ལོའི་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

    ཝང་ཅུན་ཀྲེང་གིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས“གཏན་འཁེལ་གཉིས”ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ནི་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། “དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བའི་དགོས་མཁོ་དངོས་ཡིན་པར་ངོས་འཛིན་གང་ལེགས་བྱེད་པ་དང་། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་གནད་སྨིན་ཇུས་འདོན་ལ་ཤུགས་རྒྱག་པ། གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་ལས་དོན་གྱི་ཕན་འབྲས་དངོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    གྲངས་འཛིན་དཔལ་འབྱོར་ལས་དོན་སྐོར་གྱི་སྙན་སེང་གསན་རྗེས། ཝང་ཅུན་ཀྲེང་གིས་ངོས་འཛིན་གྱི་ཆུ་ཚད་དང་འགོ་ཁྲིད་ལས་བྱེད་པས་ཚན་རྩལ་ལས་དོན་ལ་འགོ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་བཏང་ནས་གྲངས་འཛིན་དཔལ་འབྱོར་གྱི་འཕེལ་ཕྱོགས་གསར་པར་ཚན་རིག་དང་མཐུན་པའི་དབྱེ་ཞིབ་དང་སྟངས་འཛིན་ཡང་དག་བྱེད་པ་དང་། གོ་སྐབས་དམ་འཛིན་ཧུར་ཐག་དང་རྗེས་ཐོན་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་གྱི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཀྱི་གྲངས་འཛིན་དཔལ་འབྱོར་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་དོན་དངོས་ལ་གཞི་ཚུགས་པ་དང་། ཕུགས་ལ་དམིགས་པ། ད་བརྒལ་འོས་འཚམ་བཅས་བྱས་ཏེ་སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་གྲངས་འཛིན་ཅན་སྒྱུར་བཀོད་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་པའི་ཞབས་ཞུའི་ལག་རྩལ་སྒྲིག་བཀོད་རིག་ནུས་ཅན་གྱི་རིམ་སྤོར་མགྱོགས་སུ་གཏོང་བ། གསར་དར་དྲ་རྒྱ་དང་། རིག་ནུས་རྩིས་རྒྱག ཆ་འཕྲིན་བདེ་འཇགས། མཉམ་འདྲེས་བེད་སྤྱོད། ཐོན་ལས་གསར་གཏོད་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་གྱི་གཞི་ཁྱོན་དང་། འཕེལ་རྒྱས་ཀྱི་ཆུ་ཚད། གསར་གཏོད་ཀྱི་ནུས་པ་རིམ་པ་བཅས་ཀྱི་ཐད་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གྲངས་འཛིན་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་ལས་དང་གྲོང་གསེབ་ཀྱི་གྲངས་གཞི་ཆེ་མོའི་བཀོལ་སྤྱོད་རྣམ་པ་རྒྱ་སྐྱེད་དུ་གཏོང་བ་དང་གྲངས་འཛིན་ཅན་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཨེ་ཤེ་ཡ་ལྷོ་མའི“གྲངས་འཛིན་དར་གོས་ཚོང་ལམ”གྱི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་སྔར་བས་ལེགས་པ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

    གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་སྐོར་གྱི་སྙན་སེང་གསན་རྗེས། ཝང་ཅུན་ཀྲེང་གིས་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་རྒྱུ་ནི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ལྗོངས་ཡོངས“མིག་མངས་འགྲིག་སྐོར་གཅིག”མཐའ་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་དང་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ། རྣམ་གྲངས་ཀྱི་བཀོད་ཇུས་ལ་སྤྱི་འདོམས་བཀོད་སྒྲིག་བྱེད་པ། ལག་རྩལ་གྱི་ཚད་གཞི་གཅིག་གྱུར་དང་ཚད་ལྡན་དུ་གཏོང་བ། གྲངས་གཞི་མཉམ་སྤྱོད་འདེགས་སྐྱོར་དུ་བྱེད་པ་དང་ཁེ་ལས་དང་དམངས་ལ་ཕན་འདོགས་རྒྱུ་དམིགས་ཚད་དུ་བྱེད་པ། ཆ་འཕྲིན་ཐོན་ཁུངས་བསྡུ་སྒྲིལ་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་མྱུར་པོ་གཏོང་བ། སྲིད་གཞུང་གི་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་མ་ལག་འཛུགས་པ་བཅས་བྱས་ནས་སྡེ་ཚན་ཁག་གི་ཆ་འཕྲིན་ཐོན་ཁུངས་ཕན་ཚུན་འབྲེལ་མཐུད་ཕན་ཚུན་ཤར་གཏོང་ཐུབ་པ་བྱེད་དགོས། དཔལ་འབྱོར་དང་། སྤྱི་ཚོགས། དམངས་འཚོ་སོགས་འགག་རྩའི་ཁྱབ་ཁོངས་སུ་གྲངས་གཞི་ཆེ་མོ་ཕྱོགས་བསྡུས་བེད་སྤྱོད་གཏིང་ཟབ་བྱས་ནས་གྲངས་འཛིན་ལས་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། མང་ཚོགས་ཀྱི་འཚོ་བ་བཅས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་དང་། སྲིད་གཞུང་གི་ཐབས་ཇུས་ཚན་རིག་ཅན་དང་། སྤྱི་ཚོགས་ཀྱི་བཅོས་སྐྱོང་གནད་སྨིན་ཅན། སྤྱི་པའི་ཞབས་ཞུ་ཕན་འབྲས་ཅན་བཅས་ལ་སྐུལ་འདེད་གཏོང་དགོས། མི་དམངས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དེ་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ། གྲངས་འཛིན་གྱི་དམངས་ཕན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས“ཐེངས་གཅིག་ལས་འགྲོ་མི་དགོས་པ”དང་། “དྲ་གཅིག་ཀུན་སྒྲུབ” “གཞན་སར་སྒྲུབ་ཆོག་པ”བཅས་མངོན་འགྱུར་ཡོང་བ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་གྲངས་འཛིན་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐད་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་མང་བ་ཐོབ་པར་བྱེད་དགོས། གྲངས་འཛིན་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་གཙོ་གནད་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཅན་གྱི་བྱེད་ཐབས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་བརྟན་ལྷིང་སྲུང་སྐྱོང་དང་། བདེ་འཇགས་བཅོས་སྐྱོང་། སྔོན་འགོག་དང་ཚོད་འཛིན་བཅས་ཀྱི་ནུས་པ་ཆེ་རུ་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་གྱི་འགན་འཁྲི་གལ་ཆེན་ཏན་ཏིག་ཁུར་ནས་རྩེ་རིམ་ཇུས་འགོད་དང་། སྤྱི་འདོམས་བཀོད་སྒྲིག མཐུན་སྦྱོར་མཉམ་འགུལ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། འགོ་ཁྲིད་ལས་བྱེད་པས་བསམ་བློའི་ཐད་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཤེས་བྱ་གསར་པ་སློབ་སྦྱོང་དང་བྱ་ཐབས་གསར་པ་ཤེས་པ་བྱས་ནས་གྲངས་འཛིན་ཅན་གྱི་འཕེལ་རྒྱས་གཏོང་བའི་འཇོན་ཐང་ཆེ་རུ་བཏང་སྟེ་གྲངས་འཛིན་བོད་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་དང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། རང་ལྗོངས་ཀྱི་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་སྤྱི་ཚོགས་ཡོངས་སུ་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་དེ་གྲངས་འཛིན་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།