དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-22

    ◆དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རང་ལྗོངས་ཀྱི་དྲ་འཕྲིན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ལྷན་གྱིས་2022ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་རེད།

    ཡན་ཅིན་ཧའེ་དང་། ཀྲོང་ཡན། ལིའུ་ཅང་། དབང་ཧའེ་ཀྲོའུ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། དབྱང་མོང་། ཀྲང་ཧུང་པོ། ཏུའུ་ཅན་ཀུང་སོགས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་ཀྲུང་དབྱང་དྲ་འཕྲིན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། དྲ་འཕྲིན་ཁྱབ་ཁོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འབྲེལ་ཡོད་ཆེད་དོན་འཆར་འགོད་ལ་གྲོས་ཞིབ། འདི་ལོའི་དྲ་འཕྲིན་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

    ཝང་ཅུན་ཀྲེང་གིས་བསྟན་གནང་དོན། ལྗོངས་ཡོངས་ཀྱི་དྲ་འཕྲིན་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། དྲ་འཕྲིན་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ། ནུས་ཤུགས་ཡོད་རྒུས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”གཅིག་སྡུད་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་དྲིལ་བསྒྲགས་གཏིང་ཟབ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་བྱུང་བའི་འགྱུར་ལྡོག་ཆེན་པོ་དྲིལ་བསྒྲགས་གཏིང་ཟབ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བློ་རྩ་བརྟན་པོས་དད་མོས་བྱེད་མཁན་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་ཏུ་འགྱུར་བར་ཁྲིད་སྟོན་བྱེད་དགོས།

    དྲ་ཐོག་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཤིང་། བྱེད་སྟངས་དང་བྱེད་ཐབས་གསར་གཏོད་དང་། གཞི་རྟེན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། བརྩེ་སེམས་དངོས་ལ་བརྟེན་ནས་བརྗོད་དོན་གཙོ་བོ་དྲིལ་བསྒྲཌ་དང་། གྲུབ་འབྲས་དྲིལ་བསྒྲཌ། དཔེ་མཚོན་དྲིལ་བསྒྲགས་བཅས་ཡག་པོ་བྱས་ཏེ། དུས་རབས་གསར་པའི“བོད་ཀྱི་གཏམ་རྒྱུད”ཡག་པོ་ཤོད་པ་དང་དུས་རབས་གསར་པའི“བོད་ཀྱི་གཟུགས་བརྙན”མངོན་པར་བྱེད་དགོས། གླེང་ཕྱོགས་ཀྱིས་ཁྲིད་སྟོན་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གླེང་ཕྱོགས་ཀྱིས་ཁྲིད་སྟོན་བྱེད་པའི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་པ། གླེང་ཕྱོགས་ཀྱིས་ཁྲིད་སྟོན་བྱེད་པའི“རང་འགུལ་དམག་འཐབ”ཡག་པོ་རྒྱག་པ་བཅས་བྱས་ནས་དྲ་རྒྱའི་བར་མཐོངས་སུ་དྲང་ནུས་ཀྱིས་ཁྱབ་པ་བྱེད་དགོས།

    དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དྲ་རྒྱའི་མཛེས་སྡུག་ལྡན་པའི་བསམ་པའི་ཁྱིམ་གཞིས་ཐུན་མོང་ཐོག་བསྐྲུན་དགོས་ཤིང་། དགེ་མཚན་ལྡན་ཞིང་སྐྱོན་བྲལ་དང་དགེ་བརྩོན་ཡར་ཐོན་གྱི་དྲ་རྒྱའི་རིག་གནས་སྐྱེད་སྲིང་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་མིའི་རིགས་ཀྱི་ཕུལ་བྱུང་ཤེས་དཔལ་གྲུབ་འབྲས་ཀྱིས་མི་སེམས་གསོ་བ་དང་སྤྱི་ཚོགས་ལ་འཚོ་བཅུད་སྦྱིན་ནས་དྲང་ནུས་སྔར་བས་རྒྱས་པ་དང་བརྗོད་དོན་གཙོ་བོ་སྔར་བས་ཤུགས་ཆེན་ཡོང་བར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་དེར་དམིགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་དྲ་རྒྱའི་བར་མཐོངས་རྒྱ་ཆེར་བཏང་ནས་དྲ་སྦྲེལ་དེ་ཉིད་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་མཐོ་ས་གསར་པ་ཞིག་གཏོད་དགོས། སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་སྤུས་ལེགས་དྲ་རྒྱའི་རིག་གནས་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་སྟེ་དྲ་རྒྱའི་གཡུལ་ས་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།

    འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་ལྟར་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཛུགས་པར་ཤུགས་སྣོན་རྒྱག་དགོས་ཤིང་། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་བྱས་ཏེ་དུས་བབ་གསར་པའི་འོག་དྲ་རྒྱའི་ལས་དོན་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བྱས་ནས། དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་འགོག་ཟོན་དང་སེལ་དགོས། ཁྲིམས་ལྟར་དྲ་བར་དོ་དམ་དང་དྲ་བར་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ་དྲ་བའི་ཐོག་སིམ་འཛུལ་གཏོར་བཤིག་གཏོང་བར་འགོག་ཟོན་དང་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་། གནས་ལུགས་ཡོད་པ་དང་། ནུས་པ་ལྡན་པ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་དྲ་ཐོག་གླེང་ཕྱོགས་ཀྱི་འཐབ་རྩོད་སྤེལ་བ། དྲ་རྒྱའི་ཐོག་གི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ། དྲ་རྒྱའི་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་དྲ་རྒྱའི་བར་མཐོངས་དྭངས་ཤིང་གཙང་བའི་འགན་ལེན་བྱེད་དགོས།

    དྲ་རྒྱའི་བདེ་འཇགས་འགོག་སྲུང་ནུས་པ་ཆེ་རུ་བཏང་ནས་དྲ་རྒྱའི་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་ཤིང་། དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་། གཞི་གྲངས་ཀྱི་བདེ་འཇགས་བཅའ་ཁྲིམས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས། འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོང་སྲོལ་ཡིག་བཅས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གཞི་གྲངས་བདེ་འཇགས་བཅོས་སྐྱོང་མ་ལག་འཛུགས་པ་དང་། ལས་རིགས་ཁྱབ་ཁོངས་གལ་ཆེན་གྱི་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་ནུས་པ་ཆེ་རུ་གཏོང་བ། རྒྱུན་རྣམ་ཅན་གྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་སློབ་གསོ་སྤེལ་བ། དྲ་རྒྱའི་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བཅས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་དྲ་སྦྲེལ་ལ་དོ་དམ་བྱེད་པའི་རྩ་དོན་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། ལས་ཀའི་ནུས་པ་ཆེ་རུ་གཏོང་བ། ཤེས་ལྡན་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་མཉམ་ཤུགས་ཆགས་པ་བཅས་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཆ་འཕྲིན་ཅན་གོང་འཕེལ་གཏོང་རྒྱུའི་བླང་བྱར་རང་འགུལ་ངང་འཚམ་པར་བྱས་ཏེ་དྲ་སྦྲེལ་གྱི་ཆོས་ཉིད་ཀྱི་སྟངས་འཛིན་ནུས་པ་དང་། དྲ་རྒྱའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ། ཆ་འཕྲིན་ཅན་གྱི་གོང་འཕེལ་ལ་ཁ་ལོ་སྒྱུར་ནུས། དྲ་རྒྱའི་བདེ་འཇགས་འགན་སྲུང་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་སྟེ་རང་ལྗོངས་ཀྱི་དྲ་འཕྲིན་བྱ་གཞག་གོང་འཕེལ་གཏོང་བའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།