དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ནགས་དཔོན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-21

    ◆ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ནགས་དཔོན་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ནགས་དཔོན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཡན་ཅིན་ཧའེ་དང་། ཀྲོང་ཡན། ཁྲེན་ཡུང་ཆི། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བཀྲམ་པའི《ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་འབྲེལ་ཡོད་བསམ་འཆར་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ལྗོངས་ཀྱི་ནགས་དཔོན་ལམ་ལུགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ཚུལ་སྐོར་གྱི་སྙན་སེང་ཉན་པ་མ་ཟད། 2022ལོའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་ཀྱང་བྱས་པ་རེད།

    ཝང་ཅུན་ཀྲེང་གིས་ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་། ཕན་འབྲས་བསྐལ་བརྒྱར་ཐོན་པའི་ཕུགས་དང་འབྲེལ་བའི་ལས་དོན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། གཙོ་གནད་ལ་དམིགས་པ། ཚན་རིག་དང་མཐུན་པའི་ཇུས་འགོད་བཅས་མཐའ་འཁྱོངས་ཀྱིས་ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ལམ་ལུགས་ཀྱི་མ་ལག་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ཇུས་གཞི་ཞིབ་ཕྲ་འདིང་བ་དང་། དམིགས་ཚད་དང་ལས་འགན་ཁ་གསལ་བཟོ་བ། ལས་དོན་གྱི་འགན་འཁྲི་ནན་དུ་གཏོང་བ་དང་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། རྣམ་འགྱུར་སྒམ་བརླིང་ནན་ཏན་ལ་བརྟེན་ནས་ནགས་དཔོན་ལམ་ལུགས་ཀྱི་ལས་དོན་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ཡག་པོ་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་དང་། ནན་པོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས། སྤྱི་ཡོངས་སྲུང་སྐྱོང་ལ་ཤུགས་སྣོན། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་གནོད་འཚེ་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་དང་སྒྲིག་སྲོལ་ལྟར་ནགས་ཚལ་དང་རྩྭ་ཐང་བཅོས་སྐྱོང་བཅས་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་པོ་སྲུང་དགོས། ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ཤུགས་ཆེན་བྱེད་པ། རྩྭ་ཐང་དང་། འདམ་ར། ཐང་རྒོད་བཅས་ཀྱི་སྐྱེ་ཁམས་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། ནགས་ཚལ་དང་རྩྭ་འདེབས་ཀྱི་ལག་རྩལ་གསར་པ་ཧུར་ཐག་སྤྱོད་པ་བཅས་བྱས་ནས། སྐྱེ་ཁམས་མ་ལག་གི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་བརྟན་པོ་ཡོང་བར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་ཕན་འབྲས་སྔར་བས་འདོན་སྤེལ་བྱས་ནས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་ལྟར་སྐྱེ་ཁམས་དམངས་ཕན་དང་དམངས་ཆེད་མཐའ་འཁྱོངས་དང་སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་བྱེད་པ་དང་སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་དེ་བས་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ལ་སྔོ་ལྗང་གི་ཕན་བདེ་དང་སྐྱེ་ཁམས་ཀྱི་ཕན་བདེ་དེ་བས་མང་བ་ལོངས་སྤྱོད་ཐུབ་པར་བྱས་ནས་སྐྱེ་ཁམས་བཟང་བ་དང་། འབྱུང་འཕྲོད་ཐཱན་ཉུང་། ས་མཐོའི་ཁྱད་ཆོས་ལྡན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ་རི་སྔོ་ཆུ་དྭངས་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞིར་གསེར་རི་དངུལ་རིའི་རིན་ཐང་ལྡན་པར་དངོས་འབྲེལ་འགྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ལས་དོན་ལ་འགན་ལེན་བརྟན་པོ་བྱས་ཏེ། དངོས་འཛིན་དངོས་སྒྲུབ་དང་། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་དངོས་འབྲེལ་ཆགས་པར་བྱེད་དགོས། ཏང་སྲིད་ཀྱི་འགོ་ཁྲིད་ཨང་དང་པོས་སྤྱི་ཡོངས་ནས་དམ་འཛིན་དང་མཐོ་ས་ནས་སྐུལ་འདེད་བཏང་སྟེ་གོང་རིམ་ནས་འོག་རིམ་བར་རིམ་པ་ལྔའི་ནགས་དཔོན་གྱི་རྩ་འཛུགས་མ་ལག་འཛུགས་དགོས། ལས་དོན་གྱི་འགན་འཁྲི་ནན་དུ་བཏང་ནས་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་། ཁོངས་གཏོགས་འགན་འཁུར། སྡེ་ཚན་དབར་མཐུན་སྦྱོར། འབྱུང་རྩ་ནས་བཅོས་སྒྲིག སྤྱི་ཡོངས་ལ་ཁྱབ་པ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ། ནགས་དཔོན་ལམ་ལུགས་ཀྱི་བྱེད་པོའི་འགན་འཁྲི་སྡེ་ཚན་དང་གཞི་རིམ་དུ་དོན་འཁྱོལ་བྱེད་དགོས། ལས་དོན་འགན་སྲུང་ལ་ཤུགས་སྣོན་དང་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་དོན་གྱི་སྟོབས་ཤུགས་ཆེན་པོ་བཀོད་སྒྲིག་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་རིག་ཅན་དང་བབ་བསྟུན་གྱི་དཔྱད་ཞིབ་མ་ལག་བཙུགས་ཏེ་དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པ”ཡག་པོ་སྤྱོད་དགོས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་ནགས་དཔོན་ལམ་ལུགས་ནང་ཞུགས་པའི་ཕྱོགས་ཁག་གི་ཧུར་སེམས་སྐུལ་སློང་བྱས་ནས། ནགས་ཚལ་དང་རྩྭ་ཐང་གི་སྣོད་བཅུད་འཛུགས་སྐྱོང་གི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཏེ། ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།