དབུ་ཤོག>སྲིད་དོན།
  • རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དམངས་ཡོངས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོའི་མ་ལག་སྐྲུན་པའི་ལས་དོན་སྐུལ་སྤེལ་གྱི་བརྙན་ལམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-03-19

    ཚེས་16ཉིན་རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དམངས་ཡོངས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོའི་མ་ལག་སྐྲུན་པའི་ལས་དོན་སྐུལ་སྤེལ་གྱི་བརྙན་ལམ་ཚོགས་འདུ་འཚོགས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་འབྲེལ་ཡོད་ཚན་པ་དང་གྲོང་ཁྱེར་དང་ས་ཁུལ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་པ་དང་འབྲེལ་སྤེལ་རེས་གཏམ་བཤད་ཀྱང་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས་ལྗོངས་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་དར་ཆ་མཐོན་པོར་བསྒྲེངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་ནི“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་རང་འགུལ་ངང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་རྩ་བའི་གཞི་འཛིན་ས་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་རླབས་ཆེན་མངོན་འགྱུར་བྱེད་པའི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་མགྱོགས་སུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལས་འགན་ཨང་དང་པོ་བཅས་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་ཡོན་དང་ལས་བྱེད་པར་དྲག་ཆས་སྤྲོས་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་སློབ་གསོ་རྒྱག་པ། ལས་དོན་དང་ལག་ལེན་ལ་མཛུབ་ཁྲིད་བཅས་བྱེད་དགོས། དམིགས་ཚད་ལས་འགན་ཁ་གསལ་ཡོང་བ་བྱས་ཏེ་དམངས་ཡོངས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཁྱབ་གདལ་རྒྱ་ཁྱབ་ལ་སྐུལ་འདེད་གཏོང་བ། ལག་བསྟར་ཤུགས་ཆེན་ལ་དམ་འཛིན་བཅས་བྱེད་པ། དྲིལ་བསྒྲགས་ཀྱི་ནང་དོན་དང་། བརྒྱུད་བསྒྲགས་བྱ་ཐབས། ཐབས་ལམ་ཟུང་འབྲེལ་དང་དྲིལ་བསྒྲགས་བྱེད་སྟངས་ལ་ཤུགས་རྒྱག་པ་བཅས་བྱས་ཏེ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ལས་དོན་རང་ལྗོངས་སུ་དོན་འཁྱོལ་ཐུབ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། ལས་དོན་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྩ་འཛུགས་ཀྱི་འགོ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་དམིགས་སའི་རང་བཞིན་ལྡན་པའི་ངང་དམངས་ཡོངས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོའི་མ་ལག་འཛུགས་པ་དང་ནུས་པ་འདོན་སྤེལ་སོགས་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས། རྒྱུན་ཆད་མེད་པར་ཉམས་མྱོང་ཕྱོགས་སྡོམ་དང་དཔེ་མཚོན་ཁྱབ་གདལ་བཏང་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་གྲུབ་འབྲས་དེ་རྣམ་པ་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་པའི་བྱ་སྤྱོད་དངོས་ལ་ཧུར་ཐག་འགྱུར་བར་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ལ་གཏིང་ཟབ་ཟུག་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།