ཟླ་3ཚེས་15ཉིན། ལྗོངས་ཏང་ཨུད་རྩ་འཛུགས་པུས་པུའུ་དོན་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་འགོ་ཚུགས་མཛད་སྒོར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལའེ་ཅའོ་ཡིས་བསྟན་དོན། 2019ལོ་ཚུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་འཛིན་གྲྭའི་སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་སྐུ་ངོ་མས་ཐེངས་6འཚོགས་གནང་ཞིང་། དེ་ལས་ཁོང་གིས་ན་གཞོན་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་དང་། རྒྱབ་སྐྱོར་ཆེན་པོ། མངགས་བཅོལ་ཟབ་མོ་བཅས་གནང་ལུགས་མཚོན་ཡོད། རྩ་འཛུགས་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ན་གཞོན་ལས་བྱེད་པས་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཐེངས་6གི་དགོངས་དོན་དང་ཟུང་འབྲེལ་བྱས་ནས་གཅིག་གྱུར་གྱིས་སློབ་སྦྱོང་དང་དོན་འཁྱོལ་བྱས་ཏེ་ཕུལ་བྱུང་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་། འདེམས་སྒྲུག དོ་དམ། བེད་སྤྱོད་བཅས་ཀྱི་ལས་དོན་ཏན་ཏིག་དང་ཡག་པོ་སྒྲུབ་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་དང་ཟུང་འབྲེལ་བྱས་ནས་ན་གཞོན་ལས་བྱེད་པས“དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམིགས་རྒྱུར་སྐུལ་འདེད་གཏོང་བ་དང“འཛུགས་གཏོད་བཞི”ལ་སྐུལ་འདེད་གཏོང་བར་དམིགས་ནས“མདུན་གྲལ་དུ་སླེབས་པ་བཞི”ཐུབ་པ་བྱས་ཏེ། དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་སྒྲུབ་པ་དང་བློ་སྟོབས་ཆེར་སྐྱེད་དང་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།