དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-18

    ཚེས་15ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་ལྟར་སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་བསྟན་དོན། སྲིད་གཞུང་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི“བརྒྱུད་དགོས་ངེས་ཀྱི་ལམ་བུ་ལྔ”དང“ཕན་ཡོད་ཀྱི་ཆ་རྐྱེན་ལྔ”སོགས་ཀྱི་ཆོད་གཏམ་གལ་ཆེན་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་བོད་ཀྱི་ལས་དོན་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་ཏན་ཏིག་དང་ཞིབ་ཕྲ་བྱེད་དགོས་པ།  རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་ཁ་གསལ་བཟོས་པའི་དམིགས་ཚད་ལས་འགན་ཁག་ལ་གཞིགས་ནས་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པ། རང་ལྗོངས་ཀྱི་མི་རིགས་མཉམ་འདྲེས་ཆེན་པོ་མཚོན་པའི་རྩ་ཆེའི་ལོ་རྒྱུས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་གཏིང་ཟབ་བྱེད་དགོས་པ། འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་ལག་བསྟར་ནན་པོ་བྱས་ནས་རྒྱ་ཁྱོན་འགན་ལེན་དང་། ཐོན་འབབ་འགན་ལེན། སྤུས་ཚད་འགན་ལེན། གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད། སོན་ལས་འཕེལ་རྒྱས་ལ་སྐུལ་འདེད། གསོག་འཇོག་དོ་དམ་ལ་ཤུགས་སྣོན། དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་བཅས་བྱེད་དགོས་པ། རང་འགུལ་ངང་ཁྲིམས་གཏན་འཁེལ་བའི་རྒྱལ་སྲུང་འཛུགས་སྐྲུན་གྱི་འགན་འཁྲི་ལག་བསྟར་བྱེད་དགོས་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ཟམ་མི་ཆད་པར་གཏོང་བ་དང“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དུས་ཡུན་རིང་པོར་སྤེལ་དགོས་པ། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཆོད་ལག་བསྟར་ནན་པོ་བྱེད་པ་དང་། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ཁྲིམས་ལྟར་དང་ལེན་བྱེད་པ། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་མུ་མཐུད་རང་འགུལ་ངང་དང་ལེན་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་འདོན་ནན་ཏན་ངང་སྒྲུབ་གཉེར་བྱེད་པ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས།

    མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཡན་ཅིན་ཧའེ་ཡིས། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་ལེན་བསྟར་ནས་ལྗོངས་ཏང་ཨུད་ཀྱི“ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི”བླང་བྱ་ལག་ལེན་ཡག་པོ་བསྟར་དགོས་པ་དང་། ཁྲིམས་གཞིར་བཟུང་བ་དང་། ཚན་རིག་དང་མཐུན་པ། གནད་དུ་འཁེལ་བ། གཟབ་ནན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ལྗོངས་ཏང་ཨུད་ཀྱི“གཙོ་གནད་མངོན་གསལ་དོད་པ་དང་ཚན་རིག་དང་མཐུན་ཞིང་གནད་སྨིན་གྱི་སྔོན་འགོག་དང་ཚོད་འཛིན”གྱི་བླང་བྱ་ལག་ལེན་ཡག་པོ་བསྟར་ནས་ཕྱི་ནས་མ་འགོས་པའི་འགག་སྒོ་ནན་པོ་སྲུང་དགོས་པ། ཁོངས་གཏོགས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་ལྗོངས་ཏང་ཨུད་ཀྱི“གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པའི”བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཏེ་འགོག་ཟོན་ལས་དོན་དང་ཕན་འབྲས་དེ་རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ལ་ཤུགས་སྣོན་དང་། སྤྱོད་ཚུལ་ལེགས་གཏོང་། འཇོན་ཐང་ཆེར་གཏོང་བཅས་ཀྱི“འཐབ་ས་ངོ་མར”འགྱུར་བར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།