དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-18

    1811889_yis_1647532800000_s.jpg

    ཟླ་3ཚེས་16ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་སུ་བརྟག་ཞིབ་གནང་ཞིང་། འདི་ནི་བཞུགས་མོལ་ཚོགས་འདུ་མ་འཚོགས་གོང་ཝང་ཅུན་ཀྲེང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོར་བྱམས་བརྩེའི་ངང་འཚམས་འདྲི་གནང་བཞིན་པ།

    ◆ བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་འགན་འཁྲིའི་བསམ་པ་དང་། ལས་འགན་སྒྲུབ་སེམས། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་བཏང་སྟེ་དུས་རབས་གསར་པའི་འགྲིམ་འགྲུལ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

     ཚེས་16ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་སུ་བརྟག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་སྐོར་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ལས་ཀའི་འགན་འཁྲིའི་བསམ་པ་དང་། ལས་འགན་སྒྲུབ་སེམས། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་གཏོང་བ། འགྲིམ་འགྲུལ་སྟོབས་ཆེའི་ལྗོངས་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་འགྲིམ་འགྲུལ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    མཐའ་སྲུང་གཞུང་ལམ་དོ་དམ་ཁྲུའུ་དང་། ཕྱོགས་བསྡུས་འཆར་འགོད་ཁྲུའུ། “ལམ་གཉིས”ཀྱི་སྙིང་སྟོབས་དྲན་གསོ་ཁང་བཅས་སུ་ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་གཞུང་ལམ་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་། བོད་ནས་འགྲོ་འོང་བྱེད་པའི་གཞུང་ལམ་འཛུགས་སྐྲུན་འཆར་འགོད། མཐའ་མཚམས་ས་ཁུལ་གྱི“གཞུང་ལམ་དྲ་བ”འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ལས་བྱེད་པ་དང་ལས་བཟོ་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་ཞིང་། ཁོང་གིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་གྲོང་གསེབ་གཞུང་ལམ་ཤར་གཏོང་ཐུབ་ཚད་མང་དུ་གཏོང་བ་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྙིང་རུས་ཆེན་པོས་འབད་བརྩོན་དང་རྨང་རྡོ་ཞིག་བྱེད་ཕོད་པ་བཅས་བྱས་ནས་སྤུས་ཚད་མཐོ་ལ་ལས་ཕྱོད་ཆེ་བའི་ངང་འཛུགས་སྐྲུན་ལས་འགན་ཁག་ལེགས་སྒྲུབ་བྱས་ཏེ་རིམ་པ་མང་བ་དང་། སྣ་མང་ཅན། རང་གཤིས་ཅན་བཅས་ཀྱི་མི་དམངས་མང་ཚོགས་ཀྱི་འགྲོ་སྐྱོད་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས་པའི་ནན་བཤད་གནང་བ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་སྙན་སེང་གསན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་འཐབ་ཕྱོགས་ཀྱི་བློ་མཐུན་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བྱམས་བརྩེའི་འཚམས་འདྲིའང་གནང་ཞིང་། ཝང་ཅུན་ཀྲེང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་བ་མ་ཟད། སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འགོད་ཇུས་འདོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས། “གཏན་འཁེལ་གཉིས”ཀྱི་གལ་ཆེའི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་གི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ཏུ་ཁྱབ་པ་བྱས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་གི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་གསུངས་པ་རེད།

    བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་གྱི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བདེ་འཇགས་འགན་ལེན་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་འདོགས་པ་བཅས་བྱས་ནས་སྲིད་གཞུང་དང་ཁྲོམ་ར་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྤྱི་ཡོངས་ཀྱི་ལྟ་བ་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རང་འགུལ་ངང་རྒྱལ་ནང་དང་རྒྱལ་སྤྱིའི“འཁོར་རྒྱུག་གཉིས”ཀྱི་རྣམ་པ་ཆེན་པོའི་ནང་ཞུགས་པ་དང་། རང་རྟོགས་ངང་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་དེ་མཐའ་སྐྱོང་བོད་བརྟན་བོད་དར་བཅས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་ཇུས་འགོད་བྱེད་པ། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”ཆེད་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་གིས་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད། བདེ་འཇགས་ཚོར་སྣང་སྔར་བས་འགན་ལེན་བཅས་བྱེད་དགོས།

    ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞི་ཚུགས་ནས་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འཆར་འགོད་དོ་དམ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། “ཕན་འདོགས་པ་གསུམ་དང་ཚང་དགོས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་དང་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་ལྕགས་ལམ་དང་། རིམ་མཐོའི་གཞུང་ལམ། དམངས་སྤྱོད་མཁའ་འགྲུལ་གྱི་གནམ་ཐང་བཅས་གཙོ་རྐང་དུ་བྱེད་པ་དང་། ཞིང་ཆེན་གཞུང་ལམ་དཀྱུས་མ་བྱེད་པོར་བྱེད་པའི་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ། འཆར་འགོད་ཀྱི་མ་འོངས་སྔོན་མཐོང་རང་བཞིན་དང་སྔོན་དཔག་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས། ཚན་རིག་དང་མཐུན་པའི་སྙིང་སྟོབས་མཐའ་འཁྱོངས་བྱས་ནས་ཚད་བརྒལ་འོས་འཚམ་ངང་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་ཇུས་འགོད་དང་། ཁྱད་ལྡན་ཞིང་ལས་སྟོབས་ཆེའི་རྫོང་དང་། འབྲོག་ལས་སྟོབས་ཆེའི་རྫོང་། ཡུལ་སྐོར་སྟོབས་ཆེའི་རྫོང་བཅས་བསྐྲུན་རྒྱུར་རམ་འདེགས་བྱེད་པ། གྲོང་ཁྱེར་དང་ཐོན་ལས་ཀྱི་འཕེལ་རྒྱས་བཀོད་པར་ཁྲིད་སྟོན་བཅས་བྱས་ཏེ་ཐོན་ལས་འཁོར་འབྲེལ་བདེ་འཇགས་དང་བརྟན་པོ་ཡོང་བའི་འགན་ལེན་གྱི་རྨང་རྡོ་ཡག་པོ་ཞིག་བྱེད་དགོས། མ་ལག་གི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་འགྲིམ་འགྲུལ་གྱི་སྒྲོམ་གཞི་གཙོ་བོ་བཀོད་སྒྲིག་བྱེད་དགོས་ལ་གཞུང་ལམ་དྲ་བ་གཞན་དག་ཤར་གཏོང་ཐུབ་པར་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོས་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་ཕན་པ་ལོངས་སྤྱོད་ཐུབ་པར་བྱེད་དགོས། མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འགྲིམ་འགྲུལ་འཆར་འགོད་དེ་ཐོན་ལས་དང་། རིག་གནས་ཡུལ་སྐོར། རྒྱལ་ཁབ་ས་ཆའི་བར་མཐོངས་སོགས་ཀྱི་འཆར་འགོད་དང་མཉམ་འདྲེས་མཐུན་སྦྱོར་བྱས་ཏེ་སྒེར་ཐག་སྒེར་གཅོད་དང་འཆར་འགོད་ཐད་འགལ་ཟླ་ཐོན་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།

    གཙོ་གནད་འབུར་ཐོན་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་དུས་རབས་གསར་པའི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལྕགས་ལམ་འཛུགས་སྐྲུན་དང་འགན་སྲུང་། གཞུང་ལམ་འཛུགས་སྐྲུན་གྱི་སྤུས་ཀ་མཐོར་གཏོང་དང་སྣུར་སྲིང་། གནམ་ཐང་གི་མཁའ་ལམ་བཀོད་སྒྲིག་དང་འཛུགས་སྐྲུན། སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་དང་དོ་དམ་བདག་སྐྱོང་། འཛུགས་སྐྲུན་གྱི་མྱུར་ཚད་དང་རྣམ་གྲངས་དོ་དམ་སོགས་ཀྱི་ལས་དོན་ལ་མངོན་གསལ་དོད་པོས་དམ་འཛིན་བྱས་ཏེ་ཧུར་བརྩོན་དང་རང་འགུལ་གྱི་རྣམ་འགྱུར་དང་ཚན་རིག་དང་མཐུན་ཞིང་དངོས་སྒྲུབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་རྣམ་གྲངས་ལ་དོ་དམ་ཡག་པོ་བྱས་ནས་སྤུས་ཚད་དང་། བདེ་འཇགས། ཕན་འབྲས་བཅས་མཉམ་འཛིན་མཐའ་འཁྱོངས་དང་། རྣམ་གྲངས་ཀྱི་དུས་འགོ་དང་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་ཀྱི་མ་དངུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། མ་དངུལ་དང་རྒྱུ་ཆ་གཙོ་བོ་རྣམ་གྲངས་དང་ལྷན་སྦྱར་ངང་གཏོང་བ་བཅས་བྱས་ཏེ་འཆར་འགོད་རྣམ་གྲངས་སྔ་ཙམ་འཐུས་ཚང་དང་སྔ་ཙམ་ལས་འགོ་འཛུགས་ཐུབ་པའི་བརྩོན་ལེན་བྱེད་དགོས།

    ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོར་སྲུང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལས་སྒོའི་ཤེས་བྱ་ཧུར་ཐག་སྦྱོང་བ། ལས་གཅེས་ལས་བཀུར། རང་འགན་གཙང་སྒྲུབ་བཅས་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས། ཟམ་མི་ཆད་པར་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་འགོ་ཁྲིད་ལས་བྱེད་པའི“ངེས་པར་དུ་བརྒྱད”དང“མིག་དཔེ་དྲུག”གི་ཚད་གཞི་དང་ཡང་ཡང་བསྡུར་ནས་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱིས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་ནུས་ལྡན་ངང་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གྱོད་དཔེར་བརྟེན་ནས་ཉེན་བརྡ་གཏོང་བ་དང་གྱོད་དཔེར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོར་སློབ་གསོ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ཚར་དུས་མེད་པའི་ཆབ་སྲིད་ཀྱི་རང་རྟོགས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་སྤྱོད་གཙང་གི་འགྲིམ་འགྲུལ་གཙོ་གནད་ཐོག་འཛུགས་སྐྱོང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།