དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་དོན་འཁྱོལ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-17

    ◆ སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྐོར་གཟིགས་དག་ཐེར་གྱི་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

     ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་དོན་འཁྱོལ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གནང་བ་རེད།

    ཝང་ཅུན་ཀྲེང་གིས་མཆན་བཀོད་མཛུབ་སྟོན་ནང་གསུངས་དོན། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་དོན་འཁྱོལ་གྱི་ལས་དོན་སྤེལ་ཚུན། ཆེད་དོན་དག་ཐེར་ཚོགས་ཆུང་ཁག་དང་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་སྐོར་གཟིགས་གཞུང་དོན་ཁང་བཅས་ཀྱི་མཛུབ་ཁྲིད་འོག་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཚུར་ལན་གནད་དོན་ལ་དམིགས་པ། རྩ་ལག་མཉམ་བཅོས་མཐའ་འཁྱོངས་བཅས་བྱས་ཏེ་རང་ངོས་ཁྱབ་ཁོངས་ཀྱི་དག་ཐེར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་པ་མ་ཟད། དེར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཀྱང་ཐོབ་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྐོར་གཟིགས་དག་ཐེར་དེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས། ཏང་འཛུགས་སྐྱོང་བཅས་ཕྱོགས་ཚང་མ་དང་འབྲེལ་བ་ཡོད་པས་ཕུགས་ཀྱི་དམིགས་ཚད་ཡོད་ལ་དུས་ཐུང་གི་ལས་འགན་ཡང་ཡོད་པ་དང་། ཞིབ་ཕྲའི་བྱ་ཐབས་ཡོད་ལ་སྒྲིག་སྲོལ་དང་ལམ་ལུགས་ཀྱང་བཟོས་ཡོད་པས་དེ་ནི་ཡུན་རིང་གི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན། ཆེད་དོན་དག་ཐེར་ཚོགས་ཆུང་ཁག་དང་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཏན་ཏིག་བྱས་ཏེ་སྐོར་གཟིགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྐོར་གཟིགས་དག་ཐེར་དོན་འཁྱོལ་གྱི་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ། ཡུན་རིང་དམག་འཐབ་དང་རྒྱུན་མཐུད་དག་ཐེར་བྱེད་པའི་འདུ་ཤེས་བརྟན་པོ་འཛུགས་པ། ད་ལྟ་ལག་ལེན་བསྟར་བཞིན་པའི་སྐོར་གཟིགས་དག་ཐེར་གྱི་སྒྲིག་སྲོལ་དང་ལམ་སྲོལ་མི་འགྱུར་མཐའ་འཁྱོངས་བྱེད་པ། མིག་སྔའི་གཙོ་གནད་ལས་དོན་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་གིས་ལེགས་པར་སྒྲུབ་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། རྗེས་སྙེགས་ཞིབ་བཤེར་ནན་པོ་བྱེད་པ། བསམ་བློ་ལྷོད་གཡེང་དུ་མི་འགྲོ་བ་མཐའ་གཅིག་ཏུ་བྱེད་པ། བྱ་བ་མཚམས་མི་འཇོག་པ། དག་ཐེར་བྱེད་ཤུགས་མི་ཆག་པ། ལྟ་སྐུལ་གྱི་རྒྱུན་མི་ཆད་པ་བཅས་བྱས་ནས་སྐོར་གཟིགས་དག་ཐེར་གྱི་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    ཚེས་13ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཚོགས་འདུ་ཐེངས་ལྔ་པ་འཚོགས་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་ལག་བསྟར་བྱས་པ་དང་འབྲེལ་སྙན་སེང་ཉན་པ་དང་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཟླ་བ་ཚེ་རིང་ཕེབས་པ་རེད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། སྐོར་གཟིགས་དག་ཐེར་གཞུང་དོན་ཁང་དང་། ཆེད་དོན་དག་ཐེར་ཚོགས་ཆུང་ཁག ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་བཅས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས“གཏན་འཁེལ་གཉིས”སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། “སྲུང་སྐྱོང་གཉིས”ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གཞིར་བཟུང་། རིག་པ་དྭངས་གསལ་གྱི་ཆབ་སྲིད་ཀྱི་རྣམ་འགྱུར་དང་། དངོས་སྒྲུབ་དང་སྤྱོད་གོ་ཆོད་པའི་དག་ཐེར་བྱ་ཐབས། བྱས་པའི་རྗེས་དང་འདྲུས་པའི་ཤུལ་གྱི་དངོས་སྒྲུབ་སྤྱོད་ཚུལ་བཅས་ལ་བརྟེན་ནས་སྐོར་གཟིགས་དག་ཐེར་ལས་དོན་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས། འགན་འཁྲི་དོན་འཁྱོལ་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ལྟ་སྐུལ་ཞིབ་བཤེར་ཁང་གིས་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་ཞིབ་བཤེར་གྱི་འགན་འཁྲི་ཡག་པོ་འཁུར་བ་དང་ཆེད་དོན་ཚོགས་ཆུང་ཁག་གིས་ཁྱབ་ཁོངས་ཁག་གི་རྒྱུན་མཐུད་དག་ཐེར་གྱི་བྱེད་པོའི་འགན་འཁྲི་འཁུར་ཏེ་བྱ་ཐབས་གསར་གཏོད་དང་། གནད་སྨིན་ཤུགས་འདོན། ཕྱོགས་བསྡུས་ཇུས་བསྟར་བཅས་བྱས་ནས་ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་ཁྱབ་ཁོངས་ཁག་གི་རྒྱུན་མཐུད་དག་ཐེར་གྱི་ལས་འགན་ལེགས་སྒྲུབ་བྱེད་དགོས། རྩིས་བསྡུར་ཐོ་བསུབ་མཐའ་འཁྱོངས་ཀྱིས་གནད་དོན་གྱི་ཕྱོགས་སྟོན་དང་དམིགས་ཚད་ཀྱི་ཕྱོགས་སྟོན་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་དག་ཐེར་ལས་འགན་ལེགས་གྲུབ་ཟིན་རིགས་ལ“ཕྱིར་མིག་ལྟ་བའི”ཐོག་ནས་དག་ཐེར་རྒྱུན་མི་ཆད་པའི་ལས་འགན་ལ་དམ་པོར་དམིགས་ཏེ་དག་ཐེར་བྱས་འབྲས་ཀྱིས་ཏང་དང་མི་དམངས་ཀྱི་ཞིབ་དཔྱད་ཐོག་ཐུབ་པའི་འགན་ལེན་བྱེད་དགོས། སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཏང་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་དང་། ལག་ལེན་གྱི་དགོས་མཁོ་སྐོང་བ། གཞི་རིམ་གྱི་རེ་སྒུག་དང་མཐུན་པ་བཅས་གཅིག་གྱུར་ཡོང་བ་བྱེད་པ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་དང་མཉམ་འདྲེས་འབྲེལ་མཐུད་བྱེད་པ། དག་ཐེར་དོན་འཁྱོལ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་བྱས་ནས་ལམ་ལུགས་དེ་ཉིད་བཙན་ལ་ནན་པའི་སྒྲིག་ལམ་ཞིག་ཏུ་དངོས་འབྲེལ་འགྱུར་བ་བྱེད་དགོས། གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་གཙོ་རྐང་དུ་བྱེད་པ་དང་། “དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། སྐོར་གཟིགས་དག་ཐེར་དོན་འཁྱོལ་ལ་མུ་མཐུད་དམ་འཛིན་ཡག་པོ་བྱ་རྒྱུ་དེ་མིག་སྔའི་གཙོ་གནད་ལས་དོན་དང་མཉམ་འདྲེས་ཐུབ་པ་བཅས་བྱས་ནས་བརྟན་ལ་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་དར་དམངས་བདེའི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།