དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལྷ་ས་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་གྱི“གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཙང་སྦྲའི་ཉིན་མོའི”འཕྲོད་བསྟེན་གཙང་སྦྲ་ཆེ་མོའི་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-16

    ཚེས་14ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་བཅས་ཁྲོམ་གཞུང་དུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་ལྷ་ས་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་གྱི“གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཙང་སྦྲའི་ཉིན་མོའི”འཕྲོད་བསྟེན་གཙང་སྦྲ་ཆེ་མོའི་བྱེད་སྒོའི་ནང་ཞུགས་ཏེ་ཁོར་ཡུག་མཛེས་སུ་གཏོང་བ་དང་མཛེས་སྡུག་དང་སྐྱོན་བྲལ་གྱི་ཁྱིམ་གཞིས་མཉམ་སྐྲུན་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། འོད་ཟེར། ཉི་མ་ཚེ་རིང་། ཐང་མིང་དབྱིང་། འཇམ་དཔལ་སོགས་སོ་སོར་བྱེད་སྒོའི་ནང་ཞུགས་པ་རེད།

    བྱེད་སྒོ་སྤེལ་རིང་། ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ཏེ་བྱེད་སྒོར་ཞུགས་མཁན་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ཁོར་ཡུག་འཕྲོད་བསྟེན་བཟོ་པར་བླ་ན་མེད་པའི་གུས་འདུད་དང་བྱམས་བརྩེའི་འཚམས་འདྲི་ཞུས་ཤིང་། ཁོང་གིས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད་ལ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་། ནད་ཡམས་སྔོན་འགོག་དང་ཉུང་གཏོང་། མི་དམངས་ཀྱི་བདེ་ཐང་སྲུང་བ་བཅས་ཀྱི་བྱ་ཐབས་ནུས་ལྡན་ཞིག་ཀྱང་རེད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ་དང་། མི་དམངས་ཀྱི་བདེ་ཐང་གི་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་པ། ཚད་གཞི་མཐོ་བ་དང་། བླང་བྱ་ནན་པ། རྒྱུན་རྣམ་ཅན་བཅས་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་དང་རིམ་པ་མང་བའི་རྒྱལ་གཅེས་འཕྲོད་བསྟེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། བཅོས་སྒྲིག་ལ་དམ་འཛིན་དང་ཁོར་ཡུག་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ཁོར་ཡུག་འཕྲོད་བསྟེན་གྱི་ཕྱོགས་བསྡུས་བཅོས་སྒྲིག་ཤུགས་ཆེན་བྱེད་པ་དང་ཞིང་འབྲོག་ཁུལ་གྱི་གསང་སྤྱོད་སྒྱུར་བཀོད་ལ་ཡུལ་བབ་དང་བསྟུན་ནས་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། གོམས་གཤིས་ལ་དམ་འཛིན་དང་བདེ་ཐང་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕྲོད་བསྟེན་བཅོས་སྒྲིག་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཤེས་དཔལ་སྐྱོན་བྲལ་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། མང་ཚོགས་ལ་འཕྲོད་བསྟེན་ལ་སྣང་ཆེན་དང་། ཤེས་དཔལ་ལ་སྣང་ཆེན། ཡར་ཐོན་ལ་སྣང་ཆེན་བཅས་བྱེད་དགོས་པའི་ཁྲིད་སྟོན་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་གཅེས་འཕྲོད་བསྟེན་ལས་དོན་ལ་ཞུགས་དགོས། གཡོ་ཟོལ་མེད་པར་ཕྱི་ཚུལ་རིང་ལུགས་སྤོང་བ་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། བྱ་ཐབས་དང་ཐབས་ཤེས་གསར་གཏོད་བྱེད་པ། གདེང་འཇོག་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་སྐུལ་སློང་ལ་དོ་སྣང་བྱེད་པ། “སྲིད་སྐྱོང་བྱས་རྗེས་ལས་གྲྭ”དང“རྟགས་མཚོན་ལས་གྲྭ”མཐའ་གཅིག་ཏུ་གཏན་འགོག་བྱེད་པ། “ཕྱི་མཛེས་ནང་སྟོང”མཐའ་གཅིག་ཏུ་མི་བྱེད་པ་བཅས་བྱས་ཏེ་བྱ་བ་བཟང་པོ་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།