དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-16

    ཉེ་ཆར་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་བློ་མཐུན་ཀྲའོ་ལེ་ཅིའི་ལས་དོན་སྙན་སྒྲོན་གྱི་མ་ཡིག་སློབ་སྦྱོང་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་རང་རེའི་ཏང་གི་འདས་ཟིན་པའི་ལོ་ངོ་བརྒྱ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ངོས་གསར་བརྗེར་ལམ་ལྷོངས་བྱུང་བའི་ཐབས་ལམ་གསལ་སྟོན་གཏིང་ཟབ་གནང་སྟེ། རང་ངོས་གསར་བརྗེ་མུ་མཐུད་བྱེད་ཕོད་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཇི་ལྟར་གཏོང་བར། བརྟག་ཐབས་སྨྲ་བ་དང་ལམ་ཐིག་རི་མོ་མཁོ་འདོན་གནང་ཡོད། བློ་མཐུན་ཀྲའོ་ལེ་ཅིའི་ལས་དོན་སྙན་སྒྲོན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་དང་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་ཡི་གེ་དང་ལས་སྒྲུབ་དཔེ་རིས་ཤིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་བླངས་ཏེ། ལག་ལེན་གྱི་གྲུབ་འབྲས་རླབས་པོ་ཆེར་མྱོང་རོལ་བྱེད་རིང་ཡིད་ཆེས་དང་ཆོད་སེམས་བརྟན་པོ་འཛུགས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆོས་ཉིད་གསལ་རྟོགས་བྱེད་རིང་དམིགས་ཚད་དང་ཁ་ཕྱོགས་གཏན་འཁེལ། དུས་བབ་ལ་ཞིབ་འཇུག་བརྡར་གཅོད་གནད་སྨིན་བྱེད་རིང་མདུན་སྐྱོད་ཀྱི་ལམ་བུ་གཏན་འཁེལ་བཅས་བྱས་ཏེ། འགན་འཁྲི་གཙང་སྒྲུབ་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བསམ་བློ་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། ཡིད་ཆེས་བརྟན་གཏོང་བཅས་བྱས་ཏེ་དུས་བསྟུན་མདུན་སྐྱོད་དང་ཡང་འབད་བསྐྱར་འབད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས། དུས་བབ་གསལ་རྟོགས་དང་། ལས་འགན་ཁ་གསལ། འགན་འཁྲི་གསལ་རྟོགས་བཅས་བྱས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་ལས་འགན་གྱི་གཙོ་གནད་ལ་སྟངས་འཛིན་གནད་སྨིན་བྱས་ཏེ། སྲ་ཞིང་བརྟན་པའི་འཐབ་ཇུས་ཀྱི་ངེས་ཤུགས་ལ་བརྟེན་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་འཐབ་ཇུས་དམིགས་ཚད་ཟམ་མི་ཆད་པར་མངོན་འགྱུར་ཡོང་བར་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ། ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ། སློབ་སྲོལ་དང་བྱེད་ཐབས་སྔར་བས་ལེགས་སུ་བཏང་ནས་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།