དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆིས་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དང་བོད་ལྗོངས་སློབ་ཆེན་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་བརྟག་ཞིབ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-15

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དང་བོད་ལྗོངས་སློབ་ཆེན་རྔ་ཆེན་སློབ་ཁུལ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་བརྟག་ཞིབ་མཛུབ་ཁྲིད་གནང་བ་རེད།

    ཁྲེན་ཡུང་ཆིས་ས་གནས་ས་ཐོག་ཏུ་ཨང་རྟགས་བཤེར་ཞིང་ཚ་བ་ལྟ་བ་དང་། འགྲོ་སྐྱོད་ཨང་རྟགས་དང་བདེ་ཐང་ཨང་རྟགས་ལ་ཞིབ་དཔྱད། དགེ་སློབ་སློབ་གྲྭར་ལོག་རྗེས་ཀྱི་དོ་དམ་ཚོད་འཛིན་སོགས་ཀྱི་བྱ་ཐབས་དོན་འཁྱོལ་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་གནང་བ་མ་ཟད། སློབ་ཁྲིད་ཐོག་ཁང་དང་། ཟ་ཁང་། ཉལ་ཁང་སོགས་སུ་ཕེབས་ནས་འཕྲལ་སྡོམ་སྔོན་ཇུས་སྒྲིག་བཟོ་དང་། བདེ་ཐང་ཆ་འཕྲིན་གྲལ་བཤེར། སྔོན་འགོག་དང་ཚོད་འཛིན་གྱི་བརྒྱུད་རིམ། ཁོར་ཡུག་ལ་དུག་སེལ། སློབ་གྲྭའི་ཟ་ཁང་དོ་དམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

    ཁྲེན་ཡུང་ཆིས་སློབ་གསོ་སྡེ་ཚན་གྱིས་ལས་རིགས་ཀྱི་གཙོ་འགན་དོ་དམ་གྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། སློབ་གྲྭའི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས། ཨང་རྟགས་བཤེར་ཞིང་ཚ་བ་ལྟ་བ་དང་ཉིང་སྐྱུར་བརྟག་དཔྱད་སྙན་སེང་དང་འགྲོ་སྐྱོད་ཨང་རྟགས་ཞིབ་དཔྱད་སོགས་ཀྱི་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ནན་པོ་བཅས་བྱེད་དགོས། སློབ་གྲྭར་ལོག་པའི་དགེ་སློབ་གང་དུ་སྐྱོད་མིན་ཕྱོགས་ཡོངས་ནས་གསལ་རྟོགས་དང་ཁོང་དུ་ཡང་དག་ཆུད་པ་དང་། ལོགས་དབྱེ་དང་དོ་དམ་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ཡག་པོ། ཕྱི་མི་སློབ་གྲྭར་འཛུལ་བར་ཚོད་འཛིན་ནན་པོ། དགེ་སློབ་ཀྱི་འགྲོ་སྐྱོད་ལ་ཞིབ་མཆན་འགོད་པའི་ལམ་ལུགས་ནན་དུ་གཏོང་བ་བཅས་བྱེད་དགོས། དྲ་མིག་ཅན་གྱི་དོ་དམ་ལག་བསྟར་བྱེད་པ་དང་ལུགས་མཐུན་ངང་ཚན་པ་དབྱེ་ནས་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། རྒྱུན་རྣམ་ཅན་གྱི་འགོག་སྲུང་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་འཚང་ཀར་གཡོལ་ནས་ཟ་མ་ཟ་བ་དང་། འཁྲིས་སུ་རྐུབ་བཀྱག་སྟོང་པ་བཞག་ནས་སྡོད་པ། “སྨི་གཅིག་གི་བར་ཐག་འཇོག་པ”སོགས་ཀྱི་བྱ་ཐབས་ལག་བསྟར་བྱེད་པ། མི་ཚོགས་ཉུང་དུ་གཏོང་གང་ཐུབ་བྱེད་པ། བཟའ་བཅའི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ། གཙོ་གནད་ཁོར་ཡུག་དང་གནས་ཡུལ་ལ་དུག་སེལ་བྱེད་ཤུགས་ཆེ་རུ་གཏོང་བ། ཉིང་སྐྱུར་བརྟག་དཔྱད་ཀྱི་ཐེངས་གྲངས་དང་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། འཐེན་བཤེར་དང་འདམས་སྒྲུག་སོགས་ཀྱི་ལས་དོན་ནན་པོ་སྒྲུབ་དགོས། རིམས་འགོག་སྨན་ཁབ་རྒྱག་ཤུགས་ཆེ་རུ་བཏང་སྟེ་རིམས་འགོག་སྨན་ཁབ་རྒྱག་ཚད་100%ཟིན་ཐུབ་པ་དང་། “རྒན་བྱིས་ལག་གདང་སྦྲེལ་བའི”བྱ་སྤྱོད་ལག་ལེན་བསྟར་ནས་ཁྱིམ་བདག་ལ་རིམས་འགོག་སྨན་ཁབ་རྒྱག་དགོས་རིགས་ཚང་མར་རྒྱག་དགོས་པའི་ཁྲིད་སྟོན་བྱེད་དགོས། རིམས་འགོག་ཤེས་བྱ་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”ཡག་པོ་འཚོག་དགོས། དཔྱིད་དུས་ཀྱི་རིམས་ནད་དང་འགོ་ནད་འགོག་བཅོས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་ཧུར་ཐག་བཏང་སྟེ་འཕྲལ་སྡོམ་སྔོན་ཇུས་ཇུས་གཞི་འཐུས་སྒོ་ཚང་དུ་བཏང་ནས་རིམས་ནད་མ་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།